——第三世南曲明珠多傑仁波切2017/11/09
སངས་རྒྱས་ཀྱི་ཆོས་ནི་གཉིད་ལ་ཡུར་བའི་འགྲོ་བ་མི་རྣམས་རྨི་ལམ་འཐུག་པོའི་རང་བཞིན་དེ་ལས་སད་དུ་བཅུག་མཁན་གྱི་ལམ་བུ་ཞིག་རེད། འོན་ཀྱང་མིག་སྔའི་གནས་སྟངས་ལ། ལོ་རྒྱུས་ཀྱི་ཟུར་ངོས་ནས་ཚུར་ནང་བསྟན་ལ་བལྟས་ཡོང་ན། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་གང་མང་ཞིག་ནང་ཆོས་དང་མཉམ་འདྲེས་སུ་གྱུར་ནས། ཁམས་དབང་མི་འདྲ་བའི་རྒྱ་ཆེའི་མི་དམངས་ཀྱི་དགོས་འདུན་བསྐང་བཞིན་ཡོད་པར་བརྟེན། ལྟ་ཚུལ་མི་འདྲ་བ་བྱུང་བ་རེད། ཡིན་ན་ཡང་། ནང་བསྟན་རང་ངོས་ལ་རང་མཐོང་གི་ལྟ་བ་དེ་འདྲ་ཡོད་པ་མ་རེད། ཕྱི་རོལ་ཡུལ་གྱི་རྗེས་དཔག་དང་ནང་གི་བསམ་གཞིགས་ཁོ་ན་ལ་རྟེན་ནས་ཉམས་ལེན་བྱེད་དགོས། ད་གཟོད་སངས་རྒྱས་ཀྱི་གོ་འཕང་ཐོབ་ཟེར་བ་རེད། བདེན་དོན་དང་གནས་ལུགས་རྟོགས་པའི་རྗེས་ལ་སངས་རྒྱས་པ་ཟེར། གལ་ཏེ་གནས་ལུགས་རྟོགས་ནས་སངས་རྒྱས་ལ་དད་པ་བྱེད་པའི་ཉམས་ལེན་དེ་ཡང་རྨོངས་དད་རེད་ཟེར་ན། དེས་ན་ང་ཚོས་སངས་རྒྱས་ཀྱི་བཀའ་དགོངས་ཇི་བཞིན་མ་རྟོགས་པ་རེད། དེ་བས་ཁྱོད་རང་རང་མཐོང་གི་ལྟ་བ་སྤྱད་ནས་གནས་ལུགས་ལ་འཚོལ་ཞིབ་དང་སྲིད་ཁམས་ལ་བསམ་བཞིགས་བྱས་པ་རེད་ཅེས་གསལ་བཤད་ཐུབ་པ་རེད། བདེན་དོན་ཟེར་བ་ལ་ནི་རྒྱང་ཐག་རིང་ཚར་ངེས་རེད།
ཁྱོད་རང་གིས་གང་མཐོང་བ་དང་རྟོགས་པ་ནི། དཔེར་ན་མཁྲིས་ནད་ཚབ་ཆེན་ཅན་གྱིས་གངས་རི་མཐོང་ཚུལ་དང་འདྲ་བ་རེད། གངས་རི་ཁོ་རང་དཀར་པོ་ཡིན་ཡིན་དུ་ངེས་ཀྱང་། ཁྱེད་རང་གིས་གངས་རི་སེར་ལམ་ལམ་དུ་མཐོང་བ་ལྟར་རེད། དེར་བརྟེན། རང་མཐོང་གི་ལྟ་བ་དང་སྦྲིད་འཐུམ་གྱིས་གནས་ལུགས་དང་ནང་ཆོས་ལ་རྒྱུས་ལོན་བྱེད་རྒྱུ་མེད།
——第三世南曲明珠多傑仁波切2017/11/07
——第三世南曲明珠多傑仁波切2017/11/2
——第三世南曲明珠多傑仁波2017/11/4
——第三世南曲明珠多傑仁波切2017/10/22
——第三世南曲明珠多傑仁波2017/11/1
攝於2015乃多和平祈願法會期間
——第三世南曲明珠多傑仁波忉2017/10/27
——第三世南曲明珠多傑仁波切 2017/10/17
——第三世南曲明珠多傑仁波切2017/10/6
——蓮花生大士
——第三世南曲明珠多傑仁波切2017/02/17(仁波切於吉祥天母聖湖畔 攝于2017/10/5)