Seven Women Disciples of Padmasambhava


Seven Women Disciples of Padmasambhava

སློབ་དཔོན་པདྨ་འབྱུང་གནས་ཀྱིས་ལས་ཅན་བུད་མེད་བདུན་གྱི་ཞུ་ལན།


སློན་པད་མ་བྱུང་ནས་ཀྱིས་ལས་ཅན་བུད་ཎ་། །བདུན་གྱི་ཞུ་ལན་བཞུགས་ལགས་སོ།།

[~Slob dpon padma 'byung gnas kyis las can bud med bdun gyi zhu lan]

[1v] ན་མོ་གྷུ་རུ་།། སློབ་དཔོན་པད་མ་བྱུང་ནས་ཞེས་བྱ་བ་།  སྐུ་མངལ་གྱིས་མ་གོས་སྟེ་།།  པད་མ་ལ་རྫུས་སྐྱེས་སུ་ཁྲུངས་པ་། སྐྱེ་དགའ་ནའ་འཆིའ་སྡུག་སྔལ་མྱི་མངའ་སྟེ་། སྐུ་སྐྱེ་ཆིའི་རྒྱུན་ཆད་ནས་བཞུགས་པ་། གསུང་ལྷ་མ་སྲིན་སྡེ་བརྒྱད་ཀྱི་སྐད་དང་། འགྲོ་བ་རིས་༦་སོ་སོའི་སྐད་དང་། ཆོས་སྟོན་ཁྱེན་བ་། ཐུགས་ཀྱིས་ཐམས་ཅད་ཁྱེན་པའི་དགོངས་པ་དང་ལྡན་བ་། སངས་རྒྱས་ཀྱི་དགོངས་པ་ངོ་སྤྲོད་དུ་སྟོན་པ་། སྤྲུལ་པའི་སྐུ་དངོས་སུ་བཞུགས་པ་དེ་ལ་། བོད་ཀྱི་ལྷ་སྲས་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱིས་སྤྱན་དྲངས་ནས་།  སློབ་དཔོན་མུ་ཏིག་ཤེལ་ག་སྤང་མ་གོང་ན་། དགོངས་པ་ལ་བཞུགས་པའི་དུས་སུ་།། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་ཀྱིས་སྤྱན་དྲངས་ནས་། ཇོ་མོ་ཁར་ཆེན་ཟའ་ཞབས་རྟོགས་བྱས་ནས་ [1v]  བཞུགས་པའི་དུས་སུ་།  བུད་མྱེད་ཁྱད་པར་དུ་ཕག་པ་ཤེལ་ཀར་ཟ་རྡོ་རྗེ་མཚོའ་རྒྱལ་དང་།  པོ་རོ་ཟ་དཔལ་གྱི་མཆོད་གནས་དང་། འབྲོ་ཟ་ཏེ་མ་དང་། མང་ཟ་རིན་ཅེན་རྩུག་དང་། ཆིམ་ཟ་མ་རིན་ཅེན་གསལ་འོད་དང་། རུ་ཡོང་ཟ་མ་ཏི་དང་།  བུད་མྱེད་བདུན་གྱིས་གསེར་གྱི་མ་དྷལ་ཁྲུ་གང་བ་༡་ལ། རིན་ཅེན་སྣ་བདུན་གྱི་ཚུལ་དུ་། མེ་ཏོག་གཡུའ་ལས་བྱས་པ་། འབྲས་ཆར་དིང་བ་དང་། ཞལ་ཟས་སྣ་ཚོགས་དང་། ཚོགས་ཀྱི་འཁོར་ལོ་མཛད་ནས་།  

༄༅༔ སློབ་དཔོན་ཆེན་པོ་པད་མ་འབྱུང་གནས་ཞེས་བྱ་བ༔ སྐུ་མངལ་གྱིས་མ་གོས་ཏེ་པད་མ་ལས་རྫུས་སྐྱེས་སུ་འཁྲུངས་པ་དེ༔ བོད་ཀྱི་ལྷ་སྲས་བཙན་པོས་སྤྱན་དྲངས་ནས་བསམ་ཡས་ཀྱི་ས་གཞི་བཏུལ་བའི་དུས་སུ༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུ་བཞུགས་པ་ལ༔ བུད་མེད་ཁྱད་པར་དུ་འཕགས་པ་མཁར་ཆེན་བཟའ་མཚོ་རྒྱལ་དང་༔ ཤེལ་དཀར་བཟའ་རྡོ་རྗེ་འཚོ་དང་༔ ཅོག་རོ་བཟའ་དཔལ་གྱི་མཆོད་གནས་དང་༔ འབྲོ་བཟའ་མ་ཏིང་མ་དང་༔ མར་གོང་བཟའ་རིན་ཆེན་གཙུག་དང་༔ མཆིམས་བཟའ་མ་ས་ལེ་འོད་དང་༔ རུ་ཡང་བཟའ་མ་ཏི་དང་༔ བུད་མེད་བདུན་གྱིས་གསེར་གྱི་མ་དྷ་ལ་ཁྲུ་གང་པ་ཞིག་ལ་གཡུའི་མེ་ཏོག་རིན་ཆེན་སྣ་བདུན་གྱི་ཚུལ་དུ་བྱས༔ འབྲས་ཆང་དིང་བ་དང་ཞལ་ཟས་སྣ་ཚོགས་ལ་ཚོགས་འཁོར་མཛད་ནས༔ 

སློབ་དཔོན་ཆེན་པོ་ལགས་། དྲི་མྱེད་ཀྱི་སྐུ་། རྣམ་དག་གི་གསུང་། སྤྲོས་བྲལ་གྱི་ཐུགས་ཀྱིས་མནང་བར་མཛོད་༡་། ཞེས་ཞུས་པས་།།

སློབ་དཔོན་ཆེན་པོ་ལགས༔ དྲི་མེད་ཀྱི་སྐུ༔ རྣམ་དག་གི་གསུང་༔ སྤྲོས་བྲལ་གྱི་ཐུགས༔ གནང་བར་མཛོད་ཅེས་ཞུས་སོ༔ 

སློབ་དཔོན་པད་མ་འབྱུང་གནས་ལ་། ཇོ་མོ་ཁར་ཆེན་ཟ་མཚོའ་རྒྱལ་གྱིས་ [2v]  ཞུས་པ་ནི་། བདག་བུད་མྱེད་ཀྱི་བུ་བྱ་བ་ཤེས་རབ་ཆུང་བ་ལ་བློ་རྟུལ་། བློ་བ་ཆུང་ལ་སེམས་ཆུང་བས་། གོ་སླ་། བཟུང་སླ་། རྟོགས་སླ་། བུད་མྱེད་ཀྱི་ལུས་ལ་སྟེན་ནས་། སང་རྒྱས་པའི་གདམ་ངག་༡་ཞུ་ཚལ་ཞུས་པས་། 

སློབ་དཔོན་པདྨ་ལ༔ [475] ཇོ་མོ་མཁར་ཆེན་བཟའ་མཚོ་རྒྱལ་གྱིས་ཞུས་པ༔ བདག་བུད་མེད་འདྲ་བ་ཤེས་རབ་ཆུང་ལ་བློ་བརྟུལ༔ གོ་བ་ཆུང་ལ་སེམས་རྒྱ་ཆུང་བ༔ ཤེས་སླ༔ བཟུང་སླ༔ གོ་སླ༔ རྟོགས་སླ་བ༔ བུད་མེད་ཀྱི་ལུས་འདི་ལ་བརྟེན་ནས་ཚེ་འདི་ལ་སངས་རྒྱ་བའི་གདམས་ངག་ཞིག་ཞུ་འཚལ་ལོ་ཞེས་ཞུས་པས༔ 

སློབ་དཔོན་གི་ཞལ་ནས་།།  ཉོན་༡་ཁར་ཆེན་ཟ་ཚོའ་རྒྱལ་།  ཆོས་ཉིད་ཡང་དག་པའི་དོན་དེ་།  རྒྱ་ཆད་ཕྱོག་ལྟུང་མྱེད་།  སྤྲོས་པའི་མཐའ་དང་བྲལ་།  དོན་ཅི་ཡང་ངོ་མ་གྲུབ་པ་༡་ཡིན་བས་། དེ་ཤེས་རབ་ཀྱིས་སྤྱད་མི་དགོས་། རང་སེམས་ལ་ཡེ་ནས་ཡིན་བར་། ཤེས་རབ་གདང་ལ་གཟེར་ལ་གཞོག་།  ཡང་དག་པའི་དོན་དེ་གློའི་ཡུལ་དང་བྲལ་བས་། སྐྱེ་མྱེད་རྣམ་པར་དག་རང་འབྱུང་རང་གསལ་དུ་འདུག་པས་ཆེད་དུ་སྒོམ་མི་དགོས་། རང་གསལ་ [3r]  དུ་ཉམས་སུ་མྱོང་བས་།  བློ་ལ་བཟུང་མི་དགོས་། བློ་རྣོ་བ་ལ་དགོས་པ་མྱེད་། བློ་མལ་དུ་ཉོལ་། མཉམ་ཉིད་ཀྱི་རིག་པ་ཆེ་ཆུང་ཎ་། སངས་རྒྱས་ཀྱི་ཐུགས་དང་། སེམས་ཅན་གི་སེམས་༢་། དང་པོ་རྒྱུ་བྱང་ཆུབ་སེམས་སུ་༡་། བར་དུ་རྟོགས་སྟེ་། སངས་རྒྱས་མ་རྟོགས་པས་ཁོར་བར་ཁྱམ་། 

སློབ་དཔོན་གྱིས་གདམས་པ་བཏབ་པ༔ མཁར་ཆེན་བཟའ་ཉོན་ཅིག༔ ཆོས་ཉིད་ཡང་དག་པའི་དོན་དེ༔ བློའི་ཡུལ་དང་བྲལ༔ རྒྱ་ཆད་ཕྱོགས་ལྷུང་མེད༔ སྤྲོས་པའི་མཐའ་དང་བྲལ༔ དོན་ཅིའི་ངོ་བོར་ཡང་མ་གྲུབ་པ་ཞིག་ཡིན་པས༔ དེ་ནི་ཤེས་རབ་ཀྱིས་དཔྱད་མི་དགོས༔ རང་སེམས་ལ་ཡེ་ནས་གནས་པར་ཤེས་པས༔ ཤེས་རབ་མི་དགོས༔ ཤེས་རབ་གདངས་ལ་ཟེད་ལ་ཞོག་གསུངས༔ ཡང་དག་པའི་དོན་དེ་བློའི་སྤྱོད་ཡུལ་དང་བྲལ་བས་སྐྱེ་མེད་རྣམ་དག་རང་བྱུང་རང་གསལ་དུ་འདུག་ཀྱང་༔ ཆེད་དུ་བསྒོམ་མི་དགོས་རང་གསལ་དུ་ཉམས་སུ་མྱོང་བས༔ བློ་ལ་གཟུང་མི་དགོས༔ བློ་རྣོ་བ་ལ་དགོས་པ་མེད༔ བློ་མལ་དུ་སྙོལ༔ མཉམ་ཉིད་ཀྱི་རིག་པ་ལ་ཆེ་ཆུང་མེད༔ སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་སེམས་གཉིས༔ དང་པོ་ [475] རྒྱུ་བྱང་ཆུབ་སེམས་སུ་གཅིག༔ བར་དུ་རྟོགས་པས་སངས་རྒྱས༔ མ་རྟོགས་པས་འཁོར་བར་འཁྱམས༔ 

སེམས་ཉིད་ངོ་བོ་སྤྲོས་བྲལ་དུ་སིང་ངེ་བ་། ཅི་ཡང་མ་ཡིན་བ་སྟོང་སང་ངེ་བ་། གསལ་ལ་མ་འགག་པ་། ཀྲ་ལ་མེ་བ་། སངས་རྒྱས་ཀྱི་དག་ས་པ་ཡིན་། ལོགས་ན་རྟོགས་རྒྱུ་མྱེད་པས་། རྟོགས་པ་སྟན་ལ་འབེབས་པ་། ཆོས་ཉིད་ཀྱི་དོན་དེ་ལ་ཚིག་དང་ཡི་གེ་བཟུང་བ་མྱེད་པས་། སྤྲོས་པའི་མཐའ་དང་བྲལ་བས། གདམ་ངག་ལ་ཡི་གེར་བྲི་བ་དང་དཔེའ་ཆ་མྱེད་དོ་། སྤྲོས་པ་བཅད་རྒྱུ་ཎ་།  དེ་ལྟར་རྟོགས་ན་ཤེས་རབ་ཆུང་ཡང་མྱི་ལྟོ་། གོ་བ་ཆུང་ཡང་མྱི་ལྟོ་།  སེམས་ལ་སངས་རྒྱས་འདོད་དགོས་པ་དེ་ཀ་ཡིན་། རྟོགས་པ་སྟན་ལ་ཕེབས་པ་དེ་ཀ་ཡིན་།  [3v]  ཐོས་བསམ་ཀྱིས་སྤྲོས་པ་ཡང་མཐའ་དེས་ཆོད་པ་ཡིན་།  གདམས་པ་དེ་ལྟར་ཉམས་སུ་ལོང་འཛོད་། ལར་ཁྱེད་བུད་མྱེད་ཀྱི་བུ་བྱ་བ་སྤྱད་ན་མི་གོ་། བསྟན་ན་མི་མཐོང་། སླབ་ན་མི་ཉན་།  གསང་ན་མྱི་ཐུབ་། ཞུ་བ་ལ་ནན་ཏན་ཆེའ་། ཆོས་སེམས་ལ་མྱེད་པར་ཆོས་ཡོད་ཚུལ་བྱེད་ཀྱིན་ཐེ་ཙོམ་ཟ་། བུད་མྱེད་ཀྱི་ཆོས་བཀའ་མོ་ན་བརྡའ་བས་། རང་ལ་རང་གིས་རྫུན་མ་བྱེད་པར་། ཉམ་ལེན་བག་དྲག་དུ་མཛོད་༡་གསུངས་ནས་། གནང་ངོ་།། ཨིཐི།།  

སེམས་ཉིད་ཀྱི་ངོ་བོ་སྤྲོས་པ་དང་བྲལ༔ དྭངས་སང་ངེ༔ ཅི་ཡང་མ་ཡིན་པར་སྟོང་སང་ངེ༔ གསལ་ལ་མ་འགགས་པར་བཀྲ་ས་ལེ་བ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པས༔ ལོགས་ནས་རྟོགས་རྒྱུ་མེད༔ རྟོགས་པས་གཏན་ལ་ཕེབས༔ ཆོས་ཉིད་ཀྱི་དོན་དེ་ལ་ཚིག་དང་ཡི་གེར་བཟུང་བ་མེད་པས་སྤྲོས་པའི་མཐའ་དང་བྲལ༔ གདམས་ངག་ལ་ཡི་གེ་རིས་དང་དཔེ་ཆ་མེད་པས༔ སྤྲོས་པ་གཅོད་རྒྱུ་མེད༔ དེ་ལྟར་རྟོགས་ན་ཤེས་རབ་ཆུང་ཡང་མི་ལྟོ༔ བློ་བརྟུལ་ཡང་མི་ལྟོ༔ གོ་བ་ཆུང་ཡང་མི་ལྟོ༔ སེམས་རྒྱས་དགོས་པ་མེད༔ རྟོགས་པ་གཏན་ལ་ཕེབས་པའང་དེ་ཡིན༔ ཚིག་བརྒྱུད་དོན་དང་ལྡན་པའང་དེ་ཡིན༔ ཐོས་བསམ་གྱི་སྤྲོས་པའི་མཐའ་དེས་ཆོད་པ་ཡིན༔ ཚེ་འདིར་ལུས་མ་བོར་བར་སངས་རྒྱས་པའང་དེ་ཡིན༔ དེ་ལྟར་ཉམས་སུ་ལོང་མཛོད༔ ལར་ཁྱེད་བུད་མེད་ཀྱི་བུ་ལ༔ བཤད་ན་མི་གོ༔ བསྟན་ན་མི་མཐོང་༔ བསླབ་ན་མི་ཉན༔ གསང་མི་ཐུབ་ལ་ཆོས་ཞུ་བ་ལ་ནན་ཏན་ཆེ༔ ཆོས་སེམས་ལ་མེད་པར་ཡོད་རྫུའི་ཐོ་ཅོ་ཆེ༔ [477] བུད་མེད་ཀྱི་ཆོས་འདི་དཀའ་བར་གདའ་བས༔ རང་གིས་རང་ལ་རྫུན་མ་བྱེད་པར་ཉམས་ལེན་བག་དྲག་ཏུ་མཛོད་ཅིག་གསུངས༔ 


༄།། ཤེལ་ཀར་ཟ་རྡོ་རྗེ་མཚོས་ཞུས་པ་། སློབ་དཔོན་ཆེན་པོ་ལགས་།། བདག་བུ་ཎ་ཀྱི་བུ་བྱ་བ་། རྒྱུ་ངན་བ་རྩོལ་སྒྲུབ་མི་ནུས་པ་། ཉལ་ནས་ཉམས་སུ་བླངས་པས་ཆོག་པ་། སང་རྒྱས་པའི་གདམ་ངག་༡་ཞུ་ཚལ་ཅེས་ཞུས་པས་། 

ཤེལ་དཀར་བཟའ་རྡོ་རྗེ་འཚོས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས༔ བདག་བུད་མེད་ཀྱི་བུ་འདྲ་བ་རྒྱུ་ངན་པས་རྩོལ་སྒྲུབ་མི་ནུས་པས་ཉལ་ནས་ཉམས་སུ་བླངས་པསསངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ༔ ཞེས་ཞུས་པས༔ 

སློབ་དཔོན་གིས་གདམས་པ་གསུངས་པ་། ཉོན་༡་ཤེལ་ཀར་ཟ་། ཆོས་ཀྱི་དོན་དེ་རང་སེམས་རང་ལ་  [4r]  བསམ་བར་ཡོད་པས་ཉལ་བས་ཆོག་སྟེ་། ཆོས་ཉིད་ཡང་དག་པའི་དོན་དེ་གང་ཡིན་ན་། རང་སེམས་གསལ་ལ་མ་འགག་པར་ཤར་བ་ཡིན་སྟེན་ནོ་།།  

སློབ་དཔོན་གྱི་གདམས་པ་བཏབ་པ༔ ཉོན་ཅིག་ཤེལ་དཀར་བཟའ༔ ཆོས་ཉིད་ཀྱི་དོན་རང་སེམས་རང་ལ་གསལ་བར་ཡོད་པས་ཉལ་བས་ཆོག་སྟེ༔ ཆོས་ཉིད་ཡང་དག་པའི་དོན་དེ་གང་ཡིན་ན༔ རང་སེམས་གསལ་ལ་མ་འགགས་པར་རང་ཤར་བ་འདི་ཡིན༔ 

གཞན་ནས་བཙལ་དུ་མྱེད་། མཉམ་ཉིད་ཀྱི་རིག་པ་རང་འབྱུང་རྒྱུན་ཆད་མྱེད་དོ་། ཉལ་བས་ཆོག་སྟེ་དེ་ལྟ་བུའི་ཆོས་ཉིད་དེ་། སྒོམ་རྒྱུ་དང་སྒྲུབ་རྒྱུ་ཅི་ཡང་མྱེད་དེ་། ཡེ་ནས་རང་བཅས་སུ་ཡོད་པ་ཡིན་ནོ་།  

གཞན་བཙལ་དུ་མེད༔ མཉམ་ཉིད་ཀྱི་རིག་པ་རང་བྱུང་རྒྱུན་ཆད་མེད་པ་འདི་ངོ་ཤེས་པས་ཉལ་བས་ཆོག༔ སེམས་ཉིད་རིག་པའི་རྩལ་སྣ་ཚོགས་སུ་འཆར་བས༔ འགྱུ་བྱེད་ཀྱི་རྟོག་པ་གང་ཤར་ཡང་༔ ཆོས་ཉིད་ཀྱི་དོན་རང་བྱུང་རང་ཞིར་སོང་བས་ཡེ་ཤེས་ལ་རྒྱུན་ཆད་མེད༔ རྟོགས་པའི་དོན་ལ་སྒོམ་ཞིང་བསྒྲུབ་ཏུ་མེད་པས་ཉལ་བས་ཆོག་སྟེ༔ དེ་ལྟ་བུའི་ཆོས་ཉིད་དེ་ལ་བསྒོམ་རྒྱུ་དང་ [478] བསྒྲུབ་རྒྱུ་ཅི་ཡང་མེད༔ ཡེ་ནས་རང་ལ་རང་ཆས་སུ་ཡོད་པ་ཡིན་ནོ༔ 

བྱ་བྱེད་འབད་རྩོལ་ཐམས་ཅད་འདོད་པའི་ཐག་པས་བཅིངས་པས་།  བརྩོལ་གྲུབ་ཀྱི་འབྲས་བུ་ལོགས་ནས་བསྒྲུབ་ཏུ་མྱེད་།།  རྟོགས་པ་ཚད་ཀྱིས་ས་ལ་མཉམ་ཉིད་ཀྱི་རིག་པ་རྟེན་མྱེད་དུ་ཉོལ་། དེ་ལྟར་རྟོགས་ནས་ཉལ་ནུས་ན་། སངས་རྒྱས་དེ་ཀ་ལ་ཟེར་བ་ཡིན་ནོ་།  

བྱ་བྱེད་འབད་རྩོལ་ཐམས་ཅད་འདོད་པའི་ཐག་པས་འཆིང་བས་རྩོལ་སྒྲུབ་ཀྱིས་འབྲས་བུ་ལོགས་ནས་སྒྲུབ་ཏུ་མེད༔ རྟོགས་པ་ཆོས་ཉིད་ཀྱི་ངང་ལ་མཉམ་ཉིད་ཀྱི་རིག་པ་རྟེན་མེད་དུ་ཉོལ༔ དོན་དེ་ལྟར་རྟོགས་ནས་ཉལ་ནུས་ན་སངས་རྒྱས་ཀྱང་དེ་ཀ་ལ་ཟེར་བ་ཡིན༔ 

འཁོར་བར་སྐྱེ་དགོས་མྱེད་། ལར་ཁྱེད་བུད་མྱེད་ཀྱི་བུ་བྱ་བ་། བཏང་ན་མི་འགྲོ་།  བཞག་ན་མི་བསྟོད་། སླབས་ན་ཚིག་ཕོགས་ཆེའ་། སྨྲས་  [4v]  ན་མི་ཉན་། མ་བཅོལ་བའི་བྱ་བ་བྱེད་མང་པོ་ལ་དྲན་བརྒྱགས་ཆེའ་།།  བཅོལ་བའི་ཆོས་ལ་དྲན་བ་བསྐད་༡་ཀྱང་མི་རྒྱུའ་།།  ཆོས་ཀྱི་དོན་ཁ་ལྟར་བཅུག་ན་བག་ཙམ་ཡང་ལྟ་མི་ནུས་། ལྟ་མི་དགོས་པའི་རང་རེའི་བྱད་ལ་ལྟ་བ་ལ་རེམ་ན་། བསྒོམ་བསྒྲུབ་རྩལ་མི་ཐོན་བར་སོ་ [~དོ་?] ནམ་གླང་  [~སླང་?]  རྒན་གི་ཁ་ཆུ་དང་འགྲ་བ་༡་ལ་རྩལད་འདོན་བར་བརྡའ་། བུད་མྱེད་ཀྱིས་ཆོས་མཐར་ཕྱིན་པ་ཙམ་ངས་མ་མཐོང་ན་། རེམ་ལ་ད་རུང་དུ་ཆོས་ལ་ནན་ཏན་བསྐྱེད་༡་གསུང་ངོ་།།  །།  ཨིཐི  །།  སླ   །།

འཁོར་བར་སྐྱེ་དོགས་མེད་ཀྱི་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ་བཏང་ན་མི་འགྲོ༔ བཞག་ན་མི་སྡོད༔ མ་བཅོལ་བའི་བྱ་བ་མང་པོ་དྲན་རྒྱ་ཆེ༔ བཅོལ་བའི་ཆོས་སྐད་ཅིག་ཀྱང་མི་དྲན༔ སེམས་ཉིད་ཀྱི་དོན་ལ་བལྟར་བཅུག་ན་སྐད་ཅིག་ཀྱང་ལྟ་མི་ནུས་པས༔ བལྟས་པ་ལ་དགོས་པ་མེད་པའི་རང་རང་གི་བྱད་བལྟ་བ་ལ་རེམ༔ སྒོམ་སྒྲུབ་ལ་རྩལ་མི་ཐོན་པར༔ ལོང་གཏམ་གླང་རྒན་གྱི་ཁ་ཆུ་ལྟ་བུར་ཟིན་པ་མེད་པ་ཞིག་ལ་རྩལ་འདོན༔ ངས་བུད་མེད་ཀྱི་ཆོས་ལ་མཐར་ཕྱིན་པ་ཙམ་མ་མཐོང་ན༔ རེམ་ལ་ད་རུང་ཆོས་ལ་ནན་ཏན་སྐྱེད་ཅིག་གསུངས༔ ༔


སློབ་དཔོན་པད་མ་འབྱུང་ནས་ལ་།།  ཅོའ་རོ་ཟ་དཔལ་གྱི་མཆོད་གནས་ཀྱིས་ཞུས་པ་།།  བདག་འདྲ་བུད་མྱེད་ཀྱི་བུ་བྱ་བ་།  དུག་ལྔ་ཆེའ་བས་ཡང་མི་དགོས་པའི་།  སངས་རྒྱས་པའི་གདམ་ངག་༡་ཞུ་ཚལ་ཞེས་ཞུས་པས་།  །  [5r] 

སློབ་དཔོན་ལ་ཅོག་རོ་བཟའ་དཔལ་གྱི་མཆོད་གནས་ཀྱིས་ཞུས་པ༔ སློབ་དཔོན་ཆེན་པོ་ལགས་བདག་བུད་མེད་ཀྱི་བུ་འདྲ་བ[479] དུག་ལྔ་ཤས་ཆེ་བས༔ དུག་ལྔ་སྤང་མི་དགོས་པར་སངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ་ཞེས་ཞུས་པས༔

སློབ་དཔོན་གྱིས་གདམས་པ་གསུངས་པ་ནི་།    ཉོན་༡་ཅོའ་རོས་ཟ་། ཉོན་མོངས་པ་འདོད་ཆགས་དང་། ཞེ་སྡང་དང་། གཏིའ་མུག་དང་། ང་བརྒྱལ་དང་། པྲ་དོག་དང་། ལྔ་པོ་དྷི་ཡེ་ནས་རང་ཉིད་ལ་རང་ཆས་སུ་ཡོད་པ་ཡིན་བས་། འདི་སྤངས་པས་མི་སྤོངས་། བསྒྱུར་ནས་མི་སྒྱུར་། སྦྱངས་པས་མི་སྦྱོངས་སྟེ་། དུག་ལྔ་ཆོས་ཀྱི་རང་བཞིན་ཡིན་བས་། དུག་ལྔ་གནས་སུ་དག་ནས་། ཆོས་ཉིད་རང་གྲོལ་དུ་འགྲོ་དགོས་གསུང་། 

སློབ་དཔོན་གྱིས་གདམས་པ་གནང་བ༔ ཉོན་ཅིག་ཅོག་རོ་བཟའ༔ ཉོན་མོངས་པ་དུག་ལྔ་པོ་འདི་ཡེ་ནས་རང་ལ་རང་ཆས་སུ་ཡོད་པ་ཡིན་པས་འདི་སྤངས་པས་མི་སྤོངས༔ བསྒྱུར་བས་མི་འགྱུར༔ སྦྱངས་པས་མི་འབྱོངས་ཏེ༔ དུག་ལྔ་ཆོས་ཉིད་ཀྱི་རང་བཞིན་ཡིན་པསདུག་ལྔ་གནས་སུ་དག་ནས་རང་སར་གྲོལ་དགོས་གསུངས༔ 

ཞེ་སྡང་གི་ངོ་བོ་སྟོང་པ་ཡིན་། ཞེ་སྡང་རང་ལ་སྐྱེས་པའི་གནས་མྱེད་། འདི་ནས་སྐྱེས་བྱ་བའི་གནས་མྱེད་དེ་།  ཞེ་སྡང་སྐྱེས་པའི་ཡུལ་སྟོངས་སྟེ་། འདི་ལ་སྐྱེ་བྱ་བ་མྱེད་།  ཞེ་སྡང་རང་གི་ངོ་བོ་སྟོངས་སྟེ་། དབྱིབས་དང་ཁ་དོག་  [5v]  དངོས་པོ་དང་འབྲེལ་པ་བརྫས་སུ་གྲུབ་པ་མྱེད་། ཞེ་སྡང་མ་སྤངས་པས་རང་སར་དག་པས་། ཞེ་སྡང་སྐྱེས་པས་གནོད་པ་མ་སྐྱལ་། གནོད་མ་བསྐྱལ་བས་ཕན་མྱི་བཏགས་། ཞེ་སྡང་རང་སར་ཆོས་ཉིད་དུ་གྲོལ་། 

དེ་ཡང་ཞེ་སྡང་ངོ་བོ་སྟོང་པ་ཡིན་ཏེ༔ ཞེ་སྡང་དམྱལ་ལ་སྐྱེས་པའི་སྐད་ཅིག་མ་དེ་ལས༔ རྗེས་ལ་ཞེ་སྡང་སྐྱེ་བའི་གནས་མེད་དེ༔ འདི་ལས་སྐྱེས་པ་བྱ་བ་མེད༔ ཞེ་སྡང་སྐྱེ་བའི་ཡུལ་སྟོང་སྟེ༔ འདི་ལ་སྐྱེ་བ་མེད༔ ཞེ་སྡང་རང་གི་ངོ་བོ་སྟོང་སྟེ༔ དབྱིབས་དང་ཁ་དོག་དང་བྲལ༔ དངོས་པོ་དང་རྫས་སུ་གྲུབ་པ་མེད་པས༔ ཞེ་སྡང་མ་སྤངས་རང་སར་དག༔ ཞེ་སྡང་བས་གནོད་མ་བསྐྱལ༔ ཞེ་སྡང་མ་སྐྱེས་པས་ཕན་མ་བཏགས༔ ཞེ་སྡང་རང་སར་ཆོས་ཉིད་ཀློང་དུ་གྲོལ༔

དེ་བཞིན་དུ་འདོད་ཆགས་དང་། ཞེ་སྡང་དང་། གཏིའ་མུག་དང་། ང་རྒྱལ་དང་། ཕྲ་དོག་དང་། དུག་ལྔ་ཡང་དང་པོ་གནས་སྟོངས་སྟེ་། འབྱུང་ས་མ་སྙེད་། བར་དུ་སྟོངས་སྟེ་། རྟེན་རང་དངོས་པོ་རྒྱུ་མ་གྲུབ་། མཐའ་དངོས་སུ་སྟོངས་སྟེ་། གཟུགས་ཁ་དོག་ཏུ་མ་གྲུབ་། ཉོན་མོངས་པ་དུག་ལྔ་གནས་མྱེད་། དུག་ལྔ་རང་སར་དག་ཡེ་ཤེས་བརྒྱུན་དུ་བཤར་།། རྣམ་རྟོག་ཆོས་ཉིད་དུ་གྲོལ་། བཟུང་འཛིན་གི་ཐག་པ་ཆད་། དེ་ལྟར་རྟོགས་ཤིང་ཉམས་སུ་བླངས་ན་།  [6r]  དུག་ལྔ་ཙམ་སྐྱེས་ཆོས་ཉིད་དུ་ཤར་། དུག་ལྔ་སྤངས་སུ་མྱེད་། ཡེ་ཤེས་བསྒྲུབ་དུ་མྱེད་། དུག་ལྔ་རང་སར་དག་པའི་མན་ངག་གོ་།།  

དེ་བཞིན་དུ་འདོད་ཆགས་གཏི་མུག་ང་རྒྱལ་ཕྲག་དོག་ཀྱང་༔ དང་པོ་གནས་སྟོང་སྟེ་བྱུང་ས་མེད༔ [480] བར་དུ་ཡུལ་སྟོང་སྟེ་རྟེན་དང་དངོས་པོར་མ་གྲུབ༔ ཐ་མ་ངོ་བོས་སྟོང་སྟེ་ཁ་དོག་དང་དབྱིབས་སུ་མ་གྲུབ༔ ཉོན་མོངས་པ་དུག་ལྔ་ལ་རྗེས་མེད༔ དུག་ལྔ་རང་སར་དག༔ ཡེ་ཤེས་རྒྱུན་པར་འཆར༔ རྣམ་རྟོག་ཆོས་ཉིད་དུ་གྲོལ༔ གཟུང་འཛིན་གྱི་གོངས་[~གདོས་]ཐག་ཆོད༔ དེ་ལྟར་རྟོགས་ཤིང་ཉམས་སུ་བླངས་ན༔ དུག་ལྔ་ཅི་སྐྱེས་ཆོས་ཉིད་དུ་འཆར༔ དུག་ལྔ་སྤང་དུ་མེད༔ ཡེ་ཤེས་བསྒྲུབ་ཏུ་མེད༔ དུག་ལྔ་རང་སར་གྲོལ་བའི་གདམས་ངག་ཡིན༔

དོན་དེ་ཉམས་སུ་བླངས་ན་སང་རྒྱས་མྱི་འོང་ན་འགྲོ་ས་མྱེད་ཀྱིས་གནང་ངོ་།།  ལར་ཁྱེད་བུད་མྱེད་ཀྱི་བུ་བྱ་བ་། ཉོན་མོངས་པ་དུག་ལྔ་མེ་ལྟར་ར[]་རྒྱུད་ལ་འབར་། བག་ཆགས་ངན་པ་ཆུ་ལྟར་འབྲུག་ནས་། འདོད་པ་ལ་ཡེངས་པས་བཟུང་འཛིན་༢་ཀྱིས་ཁོའི་འདོད་པ་བརླུང་ལྟར་ཚུབ་། སྡིག་སྒྲིབ་༢་པོ་ཟོལ་སོག་བྱས་པས་ས་ལྟར་གཡོགས་། ཆོས་ལ་མི་སེམས་བདག་འཛིན་སེམས་ཞིག་གཡེང་བས་ཁྱེར་། དུག་ལྔ་དམུའ་དགོད་དུ་འཆོར་ཉེན་ཡོད་པས་། ཉམ་ལེན་རྒྱུད་ལ་ཁོལ་ལ་རྩོལ་བ་སྐྱེད་མཛོད་དང་གསུང་ངོ་།།    ཨིཐི  །།  །།  [6v]

དོན་དེ་ལྟར་ཉམས་སུ་བླངས་ནསངས་རྒྱས་ལ་མི་འོང་བའི་འགྲོ་ས་མེད་ཀྱིས་གསུངས༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ༔ ཉོན་མོངས་པ་དུག་ལྔ་རང་གི་རྒྱུད་ལ་མེ་ལྟར་འབར༔ བག་ཆགས་ངན་པ་ཆུ་ལྟར་འབྲུབ་ནས་འདོད་པ་ལ་གཡེམ༔ གཟུང་འཛིན་གཉིས་ཀྱིས་ཁྱོའི་འདོད་པ་རླུང་ལྟར་འཚུབ༔ སྦོག་སྒྲིབ་གཉིས་པོ་ཁྲོལ་སོགས་[~ཟོལ་ཟོག་?]བྱས་ནས་ས་ལྟར་གསོག༔ ཆོས་ལ་མི་སེམས་བདག་འཛིན་སེམས་ཞིང་གཡོད་[~གཡེང་]བས་ཁྱེར༔ དུག་ལྔ་རྨུ་རྒོད་དུ་འཆོར་ཉེན་ཡོད་པས་ཉམས་ལན་[~ཉམས་ལེན་]རྒྱུད་ལ་ཁོལ་མཛོད་དང་གསུངས༔ ༔


སློབ་དཔོན་པད་མ་བྱུང་གནས་ལ་།།  འབྲོ་ཟའ་ཏི་པ་མས་ཞུས་པ་།  སློབ་དཔོན་ཆེན་པོ་ལགས་།།  བདག་བུད་མྱེད་ཀྱི་བུ་བྱ་བ་།།  བྱ་བ་མང་ལ་གཡེན་བ་ཆེ་བས་།  བྱ་བ་མ་སྤངས་པར་སངས་རྒྱས་པའི་གདམ་ངག་༢་ཞུའ་ཚལ་ཅེས་ཞུས་པས་།  

སློབ་དཔོན་པད་མ་ལ་འབྲོ་བཟའ་མ་པད་མས་ཞུས་པ༔ སློབ་ [481] དཔོན་ཆེན་པོ་ལགས༔ བུད་མེད་ཀྱི་བུ་འདྲ་བ༔ བྱ་བ་མང་ལ་གཡེང་བ་ཆེ་བསབྱ་བ་མ་སྤངས་པར་སངས་རྒྱ་བའི་གདམས་ངག་ཅིག་ཞུ་འཚལ༔ ཞེས་ཞུས་པས༔ 

སློབ་དཔོན་གྱི་ཞལ་ནས་།།  ཉོན་འབྲོ་ཟའ་མ་།  ཆོས་ཉིད་༡པར་འཆར་བས་།  ཐམས་ཅད་སངས་རྒྱས་ཡིན་།  འདོད་པའི་ཡོན་ཏན་ལྔ་གང་ལ་ཡང་།  སྤྱོད་པ་ཞེན་པ་མྱེད་པས་། ཟས་ཀྱི་སྣོད་ལྟ་བུ་ཡིན་། ཆགས་པ་ཎ་པར་སངས་རྒྱས་མཛད་སྤྱོད་ཡིན་། རང་འབྱུང་ཡེ་ཤེས་རང་ལ་འབྱུང་བས་གང་དྲན་ཡེ་ཤེས་ཡིན་།།  སེམས་ལ་དྲན་བ་གང་འབྱུང་ཡང་།  དེའི་ཕྱིར་མི་བྲལ་བར་ནི་རང་འབྱུང་ཡིན་། རང་བཞིན་དམུའི་ཆུ་བུར་  [7r]  འདྲ་། རང་དངས་པས་སངས་རྒྱས་ཀྱི་དགོངས་པ་ཡིན་། ཁོར་བ་མ་རྟོགས་དངོས་པོ་ཙམ་ཡག་[?]མྱེད་། 

སློབ་དཔོན་གྱིས་གདམས་པ་བཏབ་པ༔ ཉོན་ཅིག་འབྲོ་བཟའ་ཏིང་པང་མ༔ ཆོས་ཉིད་ཅིར་ཡང་འཆར་བས་ཐམས་ཅད་སངས་རྒྱས་ཡིན་ཏེ༔ འདོད་པའི་ཡོན་ཏན་ལྔ་གང་ལ་ཡང་སྤྱོད་ལ་ཞེན་པ་མེད་པ་ཟས་ཀྱི་སྣོད་ལྟ་བུ་ཡིན་ཏེ༔ ཆགས་པ་མེད་པ་སངས་རྒྱས་མཛད་སྤྱོད་ཡིན༔ རང་བྱུང་ཡེ་ཤེས་རང་ལས་བྱུང་བས་ཅི་དྲན་ཡེ་ཤེས་ཡིན༔ སེམས་ལ་དྲན་པ་ཅི་བྱུང་ཡང་༔ དེའི་ཕྱིར་མི་འབྲེང་བར་རང་བྱུང་རང་ཞི་ཆུའི་ཆུ་བུར་འདྲ༔ རང་སར་དག་པས་སངས་རྒྱས་དགོངས་པ་ཡིན༔ འཁོར་བར་མི་རྟག་པས་དངོས་པོ་ཅི་ཡང་མེད་དེ༔ 

སྐྱེ་དགའ་ན་འཆིའི་འབྱུ་ཇུག་རྒྱུན་ཆད་པས། འཁོ་བ་རང་གི་སེམས་ལ་འབྱུང་བས་། དངོས་པོ་ཅི་ཡང་མྱེད་། སྒྱུ་མའི་སྣང་བ་འདྲ་། སྣང་ལ་རང་བཞིན་མྱེད་པར་ཤེས་པས་། བདག་འཛིན་འཁྲུལ་པ་ཡིན་བས་། དངོས་པོ་བདག་ཏུ་མ་འཛིན་། ཡུལ་དང་ཁང་ཁྱིམ་དང་། བུ་ཁྱོ་ཐམས་ཅད་རྨི་ལམ་ཡུལ་དང་འདྲ་། མི་བདེན་བརྫུན་བས་རྨི་ལམ་དུ་ཁྱེར་། བྱ་བ་ཐམས་ཅད་དོན་མྱེད་རྒྱུ་བསྡུག་སྔལ་ཡིན་པས་། འཇིག་རྟེན་གི་བྱ་བ་ཐམས་ཅད་ཅི་བྱས་ཀྱིང་[~ཀྱང་]སྡུག་སྔལ་གི་རང་བཞིན་བས་། སྲིན་གི་ཁ་ཆུའ་དང་འདྲ་བས་། ཅི་བྱས་ཐམས་ཅད་དམྱིག་མྱེད་བརྒྱའིས་ཐོབ་། བྱེ་སྤྱོད་ཐམས་ཅད་ཚོགས་  [7v]  སུ་སྔོས་གསུང་ངོ་།  

སྐྱེ་རྒ་ན་འཆི་འབྱུང་འཇུག་རྒྱུན་མི་འཆད་པར་འཁོར་ཡང་༔ དེ་རྣམས་རང་གི་སེམས་ལས་བྱུང་བས་དངོས་པོ་ཅི་ཡང་མེད་དེ་སྒྱུ་མའི་སྣང་བ་དང་འདྲ༔ སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུའི་སྣང་བར་ཤེས་པར་གྱིས༔ བདག་འཛིན་འཁྲུལ་པ་ཡིན་པས་ང་བདག་དངོས་པོར་མི་འཛིན༔ ཡུལ་ [482] དང་ཁང་ཁྱིམ་བུ་ཁྱོ་དང་ནོར་རྫས་ཐམས་ཅད་རྨི་ལམ་གྱི་ཡུལ་དང་འདྲ་བར་མི་བདེན་རྫུན་པས་རྨི་ལམ་ལྟ་བུར་ཁྱེར༔ འཇིག་རྟེན་གྱི་བྱ་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ཡིན༔ སྲིན་གྱི་ཁ་ཆུ་དང་འདྲ་བར་རང་ལ[ས]་བྱུང་ནས་རང་འཆིང་༔ ཅི་བྱེད་ཐམས་ཅད་དམིགས་མེད་རྒྱ་ཡིས་ཐོབས་ལབྱེད་སྤྱོད་ཚོགས་སུ་སྔོས་གསུངས༔

དེ་ལྟར་བྱས་ན་ཅི་བྱས་ཐམས་ཅད་ཆོས་སུ་འགྲོ་ག་[?]དེ་འོང་། ལར་ཁྱེད་བུད་མྱེད་ཀྱི་བུ་བྱ་བ་སྐྱེ་བ་དམན་ཁོང་ཤེད་ཆེའ་བས་། བུད་མྱེད་ཀྱི་སྙིང་ལ་འདྲེ་ཡོད་པས་། སྙིང་རྩལ་ཆུང་བས་ལྕེ་༢་སྨྲའ་། ལུས་ལ་དགྲའ་ཡོད་པས་མི་ཆོས་ལ་དགའ་། ཁྱིམ་ཐབ་ལས་ངན་ལ་རྩོན་། བྱ་བ་འདུ་འཛི་མང་བས་ཆོས་མི་དྲན་། བུད་མྱེད་ལ་ཆོས་འོང་བ་ཉུང་བར་གདའ་བས་། ད་རུང་སྙིང་རུས་སྐྱེད་མཛོད་༡་གསུང་ངོ་།།   ཨིཐི   །།   །།    །།

དེ་ལྟར་བྱས་ན་བྱ་བ་ཅི་བྱས་ཀྱང་སངས་རྒྱས་འཐོབ་པའི་ཆོས་སུ་འགྲོ་སྟེ༔ ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ༔ སྐྱེ་བ་དམན་པས་སྙིང་རྩལ་ཆུང་༔ ལུས་ལ་དགྲ་ཡོད་པས་ཆོས་ལ་མི་འགྲོ་ཁྱིམ་ཐབས་བྱེད༔ ལས་ངན་པས་བྱ་བ་མང་བས་ཆོས་མི་དྲན༔ བུད་མེད་ལ་ཆོས་འོང་བ་ཉུང་བར་གདའ་བས་སྙིང་རུས་སྐྱེད་མཛོད་གསུངས༔ ༔


༄༅།།སློབ་དཔོན་པད་མ་འབྱུང་ནས་ལ་།། མར་གོ་ཟའ་རིན་ཅེན་གཙུག་གིས་པ་།  བདག་བུད་མྱེད་ཀྱི་བུ་བྱ་བ་།།  ལས་ངན་པར་གདའ་བས་།  དུས་ཕྱི་མ་ལ་བུད་མྱེད་ཀྱི་ལུས་བླང་མི་  [8r]  དགོས་པ་༡་ཞུ་།  སང་རྒྱས་པའི་གདམ་ངག་༡་ཞུ་འཚལ་ཅེས་ཞུས་པས་། ། 

སློབ་དཔོན་ལ་མར་གོང་བཟའ་རིན་ཆེན་ཚུལ་གྱིས་ཞུས་པ༔ བདག་བུད་མེད་ཀྱི་བུ་འདྲ་བ་ལས་ངན་པར་གདའ་བས་ཕྱི་མ་ལ་བུད་མེད་ཀྱི་ཚུལ་འདི་བླང་མི་དགོས་པ་ཞིག་ཞུ་འཚལ་ཞེས་ཞུས་པས༔ 

སློབ་དཔོན་གི་ཞལ་ནས་། མར་གོ་ཟའ་ཉོན་༡་།།  རིག་པ་བྱང་ཆུབ་ཀྱི་སེམས་། དུས་༣་འདུས་མ་བྱས་པ་འདི་ལ་། ཕོ་དང་མོ་དང་མ་ནིང་ལ་བཟང་ངན་མྱེད་། རང་འབྱུང་རང་གསལ་བར་ཤར་ནས་།  ཆོས་ཉིད་སྐྱེ་བ་མྱེད་པ་ལ་། འཆི་ཕོའ་འི་འཇིགས་པ་དང་བྲལ་། ཕོའ་འགྱུར་མ་ཉམ་ཉོང་མི་མངའ་། རྣམ་རྟོག་ཡེ་ཤེས་ཡིན་བས་བསྒོམ་ཞིང་རྩོལ་བ་མྱེད་། རྣམ་རྟོག་རང་འབྱུང་རང་གྲོལ་ནས་། ནམ་མཁའི་སྤྲིན་དང་འདྲ་། ཆོས་སྐུ་རང་འབྱུང་རང་ལ་ཡོད་པས་འདུས་མ་བྱས་། འཁོར་བ་སྐ་ནས་དག་[~ཀ་ནས་དག་]། ལུས་ལ་བླང་རྒྱུ་མི་གདའ་བས་། ཆོས་ཉིད་རོལ་པ་། ཤེས་རབ་  [8v]  རང་བཞིན་ཡིན་། བུད་མྱེད་ཡིན་ཡང་ལུས་ལ་ངན་རྒྱུ་མྱེད་། ཆོས་ཉིད་ཀྱི་དོན་ངོ་མ་ཤེས་པར་སྐྱེ་བ་རྒྱལ་པོར་སྐྱེས་དང་འཁོར་བ་རྒྱུན་མི་ཆོད་། ཅི་བྱས་ཀྱང་དགོས་པ་མྱི་གདའ་གསུང་ངོ་།  

སློབ་དཔོན་གྱིས་གསུང་པ༔ མར་གོང་བཟའ་ཉོན་ཅིག༔ རང་རིག་པ་བྱང་ཆུབ་ཀྱི་སེམས་འདི་དུས་གསུམ་དུ་འདུས་མ་བྱས་ཡིན་པས༔ ཕོ་མོ་མ་ནིང་བཟང་ངན་མེད༔ རང་ [483] བྱུང་རང་གསལ་རང་ཤར༔ ཆོསྙིད་སྐྱེ་བ་མེད་པ་ལ༔ འཆི་འཕོ་འཇིགས་པ་དང་བྲལ༔ འཕོ་འགྱུར་ལ་ཉམ་མི་ང་༔ རྣམ་རྟོག་ཡེ་ཤེས་ཡིན་པསབསྒོམ་ཞིང་རྩོལ་བ་མེད༔ རང་བྱུང་རང་གྲོལ་ནམ་མཁའི་སྤྲིན་དང་འདྲ༔ ཆོས་སྐུ་རང་ལ་ཡོད་ཅིང་དེ་ལ་འདུས་མ་བྱས་པས་འཁོར་བ་ཀ་ནས་དག༔ ལུས་ལ་བླང་རྒྱུ་མི་གདའ་བ༔ ཆོས་ཉིད་ཀྱི་རོལ་པ་ཤེས་རབ་ཀྱི་རང་བཞིན་ཡིན་པས༔ དེ་ལྟར་ཤེས་ན་བུད་མེད་ཡིན་ཡང་ལུས་ངན་རྒྱུ་མེད༔ ཆོས་ཉིད་ཀྱི་དོན་ངོ་མ་ཤེས་ནསྐྱེ་བ་མངའ་བདག་རྒྱལ་པོར་སྐྱེས་ཀྱང་འཁོར་བ་རྒྱུན་མི་ཆོད༔ དགོས་པ་མི་གདའ་གསུངས༔ 

ལར་ཆོས་ཉིད་སྐྱེ་བ་མྱེད་པར་མ་རྟོགས་ན་། ཅིས་དང་མི་ཕན་། སྐྱེ་མྱེད་ཀྱི་དོན་རྟོགས་ཙམ་ན་། མོ་ཤམ་ལ་བུ་མི་ཡོང་བ་དེ་དང་འདྲ་། ལུས་ལ་བླང་རྒྱུའ་མི་གདའ་། 

ལར་ཆོས་ཉིད་སྐྱེ་མེད་མ་རྟོགས་ན་ཅིས་ཀྱང་མི་ཕན༔ མོ་གཤམ་ལ་བུ་མི་འོང་བ་དང་འདྲ་༔ སྐྱེ་མེད་རྟོགས་ཙམ་ན་ལུས་བླང་རྒྱུ་མི་གདའ་གསུངས༔

ལར་བུད་མྱེད་ཀྱི་ཤེས་རབ་ཀྱིས་རྩལ་ཀྱིས་ཆོས་མི་གོ་། བརྩོན་གྲུས་གི་གོ་ཆ་མྱེད་པས་བསྒྲུབ་མྱི་ནུས་།  དེས་ན་བུད་མྱེད་ལ་ཆོས་ཡོང་བ་ཉུང་བ་འདུག་། ད་རུང་བརྩོན་གྲུས་སྐྱེད་ལ་། ཉམས་ལེན་བརྒྱུད་ལ་ཁོལ་༷༷༷xxx་གསུང་ངོ་།།    ཨིཐི    །།    །།    །།  [9r]

ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ་ཤེས་རབ་ཀྱི་རྩལ་གྱིས་ཆོས་མི་འོང་༔ བརྩོན་འགྲུས་ཀྱི་གོ་ཆ་མེད་པས་སྒྲུབ་མི་ནུས༔ བློ་ཆུང་བས་ཆོས་ཉིད་ཀྱི་དོན་བསྟན་དཀའ༔ སྙིང་སྟོབས་ཆུང་བས་སྒྲུབ་མི་ནུས༔ བུད་མེད་ཀྱིས་ཆོས་འབྱུང་བ་ཉུང་བར་འདུག་ནབརྩོན་འགྲུས་སྐྱེད་ལ་ཉམས་ [484] ལེན་རྒྱུད་ལ་ཁོལ་མཛོད་གསུངས༔ ༔


སློབ་དཔོན་པད་མ་འབྱུང་ནས་ལ་།།  ཆིམ་ཟའ་རིན་ཅེན་གསལ་ལེ་འོད་ཀྱིས་ཞུས་པ་ནི་།  བདག་བུད་མྱེད་ཀྱི་བུ་བྱ་བ་།  བློ་བ་ཐུང་བས་གདམས་པ་༡་གོས་།  སངས་རྒྱས་པའི་གྲུབ་ཐབས་ [?] ༡་ཞུ་ཚལ་ཞུས་པས་།།  

སློབ་དཔོན་པདྨ་ལ་མཆིམས་བཟའ་ས་ལེ་འོད་ཀྱིས་ཞུས་པ༔ བདག་བུད་མེད་ཀྱི་བུ་འདྲ་བ༔ བློ་བརྟུལ་བསགདམས་པ་ཚིག་གཅིག་གིས་སངས་རྒྱ་བ་ཞིག་ཞུ་འཚལ་ཞེས་ཞུས་པས༔

གྷུ་རུའི་ཞལ་ནས་།།  ཆིམ་ཟ་མ་ཉོན་༡་།།  རང་སེམས་གོ་ [?] ནས་སྐྱེ་ས་མྱེད་།  རང་འབྱུང་རང་ལ་གསལ་བ་དེ་།  ཡེ་ནས་རང་གི་རྒྱུད་ལ་ཡོད་།  དེ་གདོད་མ་ནས་བཙལ་ཞིང་བསྒྲུབ་ཏུ་མྱེད་།  རྣམ་རྟོག་ཡེ་ཤེས་ཡིན་བས་།  བྱི་དགོད་[བྱིང་རྒིད་?]པ་ལ་སྐྱོན་དུ་མི་ལྟ་།  འབྲས་བུ་བསྒྲུབ་ཏུ་མྱེད་པ་ xx ། རྣམ་རྟོག་ངོ་བོ་མྱེད་པར་གྲོལ་བས་།  ཆོས་ཉིད་རང་ཤར་དུ་འབྱུང་།  འབྱིང་བ་རང་ཤར་རང་སར་ xx གསལ་། དགོད་པ་རང་འབྱུང་དབྱིངས་སུ་དག་། འབྲས་བུ་བསྒྲུབ་ཏུ་མྱེད་པས་།  [9v]  རང་སེམས་རྟོགས་པའི་མཆོག་།  རང་སེམས་ཕོའ་འགྱུར་མྱེད་པས་། ཆོས་ཀྱི་སྐུ་ཐིག་ལེ་ཉག་༡་ཡིན་གསུང་།  དགོངས་པ་༡་ཆོད་ཀྱི་དོན་རྟོགས་ན་། སངས་རྒྱས་ཀྱང་དེ་ལ་བྱའོ་གསུང་། 

སློབ་དཔོན་གྱིས་གསུང་པ༔ མཆིམས་བཟའ་མ་ཉོན་ཅིག༔ རང་སེམས་ཡེ་ནས་སྐྱེ་མེད་རང་བྱུང་རང་གསལ་བ་དེ༔ ཡེ་ནས་རང་གི་རྒྱུད་ལ་ཡོད་པསད་གཟོད་པ་རྩལ་ཞིང་བསྒྲུབ་ཏུ་མེད༔ སེམས་ཉིད་དངོས་པོ་མེད་པས་སྒོམ་པ་ཅི་ཡང་མི་བསྒོམ༔ བསྒོམ་བྱའི་ཡུལ་མེད༔ སྒོམ་པའི་མཁན་པོ་མེད༔ རྣམ་རྟོག་ཡེ་ཤེས་ཡིན་པས་བྱིང་རྒོད་ལ་སྐྱོན་དུ་མ་བལྟ༔ རྣམ་རྟོག་ལ་ངོ་བོ་མེད་པར་རང་གྲོལ་བས་ཆོས་ཉིད་རང་ཤར་དུ་བྱུང་༔ བྱིང་བ་རང་བྱུང་རང་ཤར་གསལ༔ རྒོད་པ་རང་བྱུང་དབྱིངས་སུ་དག༔ འབྲས་བུ་སྒྲུབ་ཏུ་མེད་པས་རང་སེམས་རྟོགས་པས་ཆོག༔ རང་སེམས་འཕོ་འགྱུར་མེད་པས་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན༔ དགོངས་པ་གཅིག་ཆོད་ཀྱི་དོན་འདི་རྟོགས་ན་སངས་རྒྱས་ཞེས་དེ་ཀ་ལ་བྱའོ་གསུངས༔ 

ལར་ཁྱེད་བུད་མྱེད་ཀྱི་བུ་ཙ་བྱ་བ་། བློ་སྔན་ [?] ལ་ཐེ་ཙོམ་ཟ་། བླ་མའི་གདམས་པ་མི་ཐུབ་། ཉོན་མོངས་པ་དུག་ལྔ་ཤས་ཆེའ་བས་འདུལ་དཀའ་།། ཆོས་ཐར་ཕྱིན་པ་ཉུང་། བླ་མའི་གདམས་པ་ལ་རྩིས་སུ་གྱིས་། དཀའ་ཐུབ་བག་རེ་ཡང་གྱིས་དང་གསུང་ངོ་།།  །།  ཨིཐི  །།   །།

ལར་ཁྱེད་བུད་མེད་ཀྱི་བུ་འདྲ་བ་བློ་སྲ་བ་ལ་ཐེ་ཚོམ་ཟ༔ བླ་མའི་ [485] གདམས་པ་མི་ཐུབ༔ ཉོན་མོངས་པ་ཤས་ཆེ་བས་གདུལ་བ་དཀའ༔ ཆོས་མཐར་ཕྱིན་པ་ཉུང་༔ ཆོས་བྱེད་ན་བླ་མའི་གདམས་ངག་གཙིགས་སུ་གྱིས་ལདཀའ་ཐུབ་བག་རེ་གྱིས་དང་གསུངས༔ ༔ 


སློབ་དཔོན་པད་མ་འབྱུང་ནས་ལ་།། རུ་ཡོང་ཟ་མ་ཏིས་ཞུས་པ་།། བདག་བུད་མྱེད་ཀྱི་བུ་རྩོལ་བ་ཆུང་བས་། བྱར་མྱེད་༡་ཆོད་ཀྱི་གདམས་ངག་༡་འཚལ་ཞུས་པས་། 

སློབ་དཔོན་པདྨ་ལ་རུ་ཡང་བཟའ་མ་ཏིས་ཞུས་པ༔ བདག་རྩོལ་བ་ཆུང་བས་བྱར་མེད་ཀྱི་ཆོས་ཞིག་ཞུ་འཚལ་ཞེས་ཞུས་པས༔ 

སློབ་དཔོན་  [10r]  གྱི་ཞལ་ནས་།།  རུ་ཡོང་ཟ་མ་ཏི་ཉོན་༡་།  ཆོས་ཉིད་ཀྱི་དོན་ལ་དངོས་པོ་མྱེད་པས་བསྒྲུབ་ཏུ་མྱེད་།  ཆོས་ཉིད་ཀྱི་དོན་ལ་ཡེ་ནས་ཡོད་པས་བྱ་རྩལ་མྱེད་།  ཆོས་ཉིད་ཀྱི་དོན་དེ་རང་ལ་གསལ་བས་མ་བསྒྲིབས་།  རང་སེམས་ངོ་བོ་སྟོང་པར་རྟོགས་ན་།  སངས་རྒྱས་ཡིན་བས་།  ། བསྒྲུབ་རྒྱུ་ཅི་ཡང་མྱེད་།  རྩོལ་སྒྲུབ་ཐམས་ཅད་འདོད་པས་བཅིངས་པས་།  མ་བཅོས་སྒོམ་མྱེད་ཀྱི་ངང་ལ་བཞོག་གསུང་།  

སློབ་དཔོན་གྱིས་གསུང་པ༔ རུ་ཡང་བཟའ་མ་ཏི་ང་ལ་ཉོན་ཅིག༔ ཆོས་ཉིད་ཀྱི་དོན་ལ་དངོས་པོ་མེད་པས་བསྒྲུབ་པ་བྱ་རྒྱུ་མེད༔ ཆོས་ཉིད་ཀྱི་དོན་དེ་ཡེ་ནས་ཡོད་པས་ཕྱིས་བཙལ་མེད༔ ཆོས་ཉིད་ཀྱི་དོན་དེ་རང་ལ་ཡོད་པས་གསལ་ལ་སྒྲིབ་པ་མེད༔ རང་སེམས་ངོ་བོ་སྟོང་པར་རྟོགས་ནསངས་རྒྱས་ཡིན་པས་བསྒྲུབ་རྒྱུ་ཅི་ཡང་མེད༔ རྩོལ་སྒྲུབ་ཐམས་ཅད་འདོད་པས་འཆིང་བས་མ་བཅོས་སྒོམ་མེད་ངང་ལ་ཞོག་གསུངས༔

རལ་བུད་མྱེད་ཀྱི་བུ་བྱ་བ་། གཏིའ་མུག་ཆེ་བས་ཅི་ལྟར་སྟན་ཀྱང་གོ་བ་མྱེད་།  ཆོས་སྐུ་ངོས་འཛིན་སྟན་ཀྱང་འཛིན་མི་ཤེས་།  སངས་རྒྱས་ངོ་སྤྲོད་སྟན་ཀྱང་མཐོང་བ་མྱེད་། བྱར་མྱེད་༡་ཆོད་སྟནད་ཀྱང་རྟོགས་པར་དཀའ་།  བུད་མྱེད་ཀྱི་ཆོས་འདི་ཁྱོགས་ས་ཡང་[~མང་? ~སྤང་?]བར་གདའ་།  [10v]  གོ་ཆ་ལུས་ལ་བུ་མ་སྐྱེས་པར་། ཉམ་ལེན་༡་པུར་སྡོད་ལ་གྱིས་སྟེ་།  དཀའ་བ་དྲ་༡་གསུང་།  །  །།   ཨིཐི  །།  །།  །།  །།

ལར་བུད་མེད་ཀྱི་བུ་འདྲ་བ་འདི་གཏི་མུག་ཤས་ཆེ་བས་ཇི་སྐད་བསྟན་ཀྱང་གོ་བ་མེད༔ ཆོས་སྐུ་ངོས་འཛིན་བསྟན་ཀྱང་འཛིན་མི་ཤེས༔ སངས་རྒྱས་ངོ་སྤྲོད་བསྟན་ཀྱང་མཐོང་བ་མེད༔ བྱར་མེད་ཆིག་ཆོད་བསྟན་ཀྱང་རྟོགས་པ་དཀའ༔ བུད་མེད་ཀྱི་ཆོས་འདི་འཁྱོགས་ [486] མང་བར་གདའ་ན༔ གོ་ཆ་ཆེར་མཛོད་ལ་ཁྱོ་གའི་བདུད་ཀྱིས་མ་ཁྱེར་བར་གྱིས༔ ལུས་ལ་བུ་མ་སྐྱེས་པར་ཉམས་ལེན་གཅིག་པུར་སྡོད་ལ་གྱིས་དང་སྟེ་དཀའ་བར་འདྲ་ན་གསུངས༔ ༔


༄༅།། སློབ་དཔོན་པད་མ་བྱུང་ནས་ལ་།། གྲུབ་ཐོབ་ཀྱི་བུད་མྱེད་བདུན་གིས་།། སློབ་དཔོན་ལ་ཞུས་པ་ལགས་སོ་།། བུད་མྱེད་རྣམས་ལ་གསུངས་པ་ནི་། ཁྱེད་བུད་རྣམས་ཆོས་བྱེད་ན་། ། བདག་འཛིན་བུད་མྱེད་ཆེ་བས་། བུ་ཁྱོ་ལ་བདག་ཏུ་མ་འཛིན་། ཉོན་མོངས་པ་བུད་མྱེད་ཆེ་བས་། ཉོན་མོངས་པ་རང་དགར་མ་ཏང་། གསེར་སྣ་བུད་མྱེད་ཆེ་བས་། སྦྱིན་བ་འབདད་[~འབད་གཏད་? བར་ཆད་?]ལ་ཐོང་། xxx་བུད་མྱེད་མང་བས་། བློ་ཕུགས་ཆོས་ལ་སྟོད་། བྱ་བ་བུད་མང་བས་། ཅི་བྱས་ཆོས་སུ་སྔོས་། [11r] ཆགས་ཞེན་བུ་མྱེད་ཆེ་བས་། ཞེན་ཆགས་གི་འདུད་པ་ཁྲོལ་། རྡུང་བ་བུད་མྱེད་ཆེ་བས་། གཉེན་པོ་སླེབས་པར་གྱིས་། གཡེང་བ་བུད་མྱེད་ཆེ་བས་། ཅི་བྱེད་ཆོས་དང་བསྟུན་། ལེ་ལོ་བུད་མེད་ཆེ་བས་། གཉེན་པོས་སླེབས་པར་གྱིས་། གོ་བ་བུད་མྱེད་ཆུང་བས་། སེམས་ལ་ལྟ་ལྟོག་མཐོང་། དེ་ལྟར་བྱས་ན་བུད་མྱེད་ཀྱི་ལམ་སྣ་སྙེད་ནས་འོང་། ཆོས་མྱེད་མའི་དམུའ་ལོང་མ་ཚོལ་[?]། རང་རྒར་ཤོར་ནས་འཆིའ་བའི་ནང་པར་སྡུག་རས་འོང་ཉེན་ཡོད་། བག་ཙམ་གཟབས་མཛོད་གསུང་ངོ་།།  །།

སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་ངག་སྤྱིར་གདམས་པ༔ བུད་མེད་རྣམས་དཀར་པོའི་ཆོས་བྱེད་ན༔ བདག་འཛིན་བུད་མེད་ཆེ་བས་ཁྱོ་ལ་བདག་ཏུ་མ་འཛིན༔ ཉོན་མོངས་པ་བུད་མེད་ཆེ་བས་ཉོན་མོངས་པ་དགྲར་[~རང་དགར་]མ་གཏང་༔ སེར་སྣ་བུད་མེད་ཆེ་བས་སྦྱིན་པ་འབད་ལ་ཐོང་༔ བློ་སྣ་བུད་མེད་མང་བས་བློ་སྣ་ཆོས་ལ་གཞོལ༔ གཡེང་བ་བུད་མེད་ཆེ་བས་ཅི་བྱེད་ཆོས་དང་བསྟུན༔ བྱ་བ་བུད་མེད་ཆེ་བས་བྱེད་སྤྱོད་ཚོགས་སུ་སྔོས༔ ཆགས་ཞེན་བུད་མེད་ཆེ་བས་ཞེན་ཆགས་མདུད་པ་ཁྲོལ༔ དུག་ལྔ་བུད་མེད་ཆེ་བས་གཉེན་པོས་སླེབ་པར་གྱིས༔ ལེ་ལོ་བུར་མེད་ཆེ་བས་བརྩོན་འགྲུས་འབད་པ་སྐྱེད༔ གོ་བ་བུད་མེད་ཆུང་བས་སེམས་ལ་ལྟ་རྟོག་ཐོང་༔ དེ་ལྟར་བྱས་ན་བུད་མེད་ཀྱིས་ཆོས་ཀྱི་ལམ་རྙེད་ནས་འོང་སྟེ༔ ཆོས་བྱ་བསམ་མེད་པའི་རྨུ་རྒོད་མ་ཚོརང་དགར་ཤོར་ནས་འཆི་བའི་ནངས་པར་སྡུག་རབ་འོང་ཉེན་ཡོད་པསབག་ཙམ་ཚོད་ [487] ཟུང་མཛོད་དང་གསུངས༔ ༔ 

ཡང་གྷུ་རུས་།།  བུད་མྱེད་རྣམས་ལ་གདམས་པ་ནི་། ཀྱེ་ཟ་མ་བུད་མྱེད་དུ་བསྐྱེས་པ་རྣམས་ལ་།།  ཆོས་བྱེད་པར་འདོད་ན་བསྡུག་སྔལ་གི་རྩ་བ་ནི་། ཁོར་བ་ཙོན་ར་ཡིན་པས་ཁྱིམ་ཐབ་སྤོངས་།།  མ་ཁྱོའ་བཟངས་ཀྱི་འཁོལ་མོ་རྣམས་།  ཁྱོ་ལྟོགས་ལས་ཀྱི་དགྲའ་  [11v]  ཡིན་བས་།  ཁྱོ་ལ་མ་འགྲོ་༡་། བུ་བྱམས་ཀྱང་བདུད་ཀྱི་སླུད་བྲིད་ཡིན་། ལས་ངན་ལས་ཀྱི་ལན་ཆགས་ཡིན་བས་། སྤངས་ཀྱང་མི་སྤོངས་། ནོར་ཡོད་ཀྱང་གསེར་སྣའི་རྒྱུ་ཡིན་བས་། ཅི་ཙམ་ཡོད་ཀྱང་ཆོག་ཤེས་མྱེད་། ཞེ་སྡང་ལྷར་ཆེའ་བས་། ཕྱི་མར་ཡི་དགས་གནས་སུ་སྐྱེའོ་།།  

ཡང་སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་པ༔ ཟ་མ་བུད་མེད་རྣམས་ཆོས་བྱེད་པར་འདོད་ན༔ འཁོར་བའི་བཙོན་རར་སྡུག་བསྔལ་གྱི་རྩ་བ་དུག་ལྔ་ཡིན་པས་ཁྱིམ་ཐབ་སྤོངས༔ ཁྱིམ་བཟང་གི་ཁོལ་མོ༔ ཁྱོ་ལྟོགས་ན་ལས་ཀྱི་དགྲ་ཡིན་གྱིས་ཁྱོ་མ་འདོད༔ བུ་བྱམས་ན་བདུད་ཀྱི་སླུ་བྱེད་སྡང་ན་ལས་ཀྱི་ལན་ཆགས་སྙོག་པ་ཡིན་གྱིས་བུ་མ་འདོད༔ ནོར་བསགས་པ་སེར་སྣའི་རྒྱུ་ཡིན༔ ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད་ཅིང་ཞེན་ཆགས་སླར་ཆེ་བས༔ 

ཡོ་བྱད་ཡོད་ན་བླ་མ་དཀོན་ཆོག་ལ་མཆོད་། ལུས་ལ་གསེར་གཡུའ་ལགས་པ་བརྒྱན་ཀྱིས་བརྒྱན་ནས་། དར་ཟབ་མེན་ལགས་པ་འཇམ་པོ་གོན་། ལུས་པོ་ཡིན་བས་ནམ་བོར་ཆ་ཡང་མྱེད་། རྟག་ཏུ་ཚུལ་ཁྲིམས་བརྒྱན་དུ་ཐོགས་། བཟོད་པའི་གོས་གོན་ལ་། ཚེ་འདི་འབྲེལ་པ་སྒྱང་གྱིན་ཇེ་སྐ་ཇེ་སྐ་འགྲོ་བས་། བྱ་བ་ཐམས་ཅད་ཐོད་གལ་[ཐོར་དལ་?] གཞོག་།།  བླ་མའི་གདམ་ངག་རྒྱགས་ཕྱེར་ཐོགས་།  

ཡོ་བྱད་ཡོད་ན་བླ་མ་དཀོན་མཆོག་མཆོད༔ ལུས་ལ་གསེར་གཡུ་ལ་སོགས་རྒྱན་གྱིས་བརྒྱན་ནས༔ རེ་འབྲིའུ་དར་ཟབ་ལ་སོགས་འཇམ་པོ་གོན་ཡང་ཕུང་པོ་གཡར་པོ་ཡིན་པས་ནམ་འབོར་ཆ་མེད༔ རྟག་ཏུ་ཚུལ་ཁྲིམས་ཀྱི་རྒྱན་ཐོགས༔ བཟོད་པའི་གོས་གོན༔ ཚེ་འདིའི་འབྲེལ་པ་བསྐྱངས་ཤིང་ཇེ་དཀའ་འགྲོ་བས༔ བྱ་བ་ཐོང་ལ་བླ་མའི་གདམས་ངག་རྒྱགས་ཕྱེར་ཐོགས༔

སྨྲས་པའི་ཚིག་ལ་  [12r]  ཐར་ཐུག་མྱེད་པར་དུག་ལྔ་སྐྱེ་བའི་དུས་སུ་གཉེན་པོ་དྲོན་།། སྐལ་པའི་སོ་ནམས་ལ་བཅད་དགོས་པར་གདའ་བས་། བལ་ཁལ་ཐག་ཐག་སྤོངས་ལ་། རང་སེམས་ལ་བྱ་ར་ཐོང་། བྱས་པའི་ལས་ལ་ཟིན་བ་མྱེད་། ཅོག་གིས་ཞོག་ལ་ཆོས་ཉིད་ངང་ལ་བཞོག་། དེ་ལྟར་བྱས་ན་འདི་བདེའ་ཕྱི་མ་སྐྱིད་། མཛངས་མ་ཚོའི་མི་ཚེའ་སྡུག་སྔལ་བསྐྱལ་ནས་། ཕྱི་མ་ལ་ངན་སོང་༣་དུ་སྐྱེ་བ་དེ་ཁྱེད་ལ་ཆ་མྱེད་དམ་གསུང་།།     །།

སྨྲ་བའི་ཚིག་ལ་མཐར་ཐུག་མེད་པསདུག་ལྔ་སྐྱེ་བའི་འཕོང་ར་སྤོངས་ལ་ནུས་ཐང་ཆོས་སྤྱོད་གྱིས༔ བཀལ་བའི་གོས་རྣམས་བྱས་ཤིང་ [488] ཡང་དགོས་པསབལ་ཕྲུག་འཛིན་པ་ཐོང་ལ་རང་སེམས་བྱ་ར་ཐོང་༔ བྱས་པའི་ལས་ལ་ཟིན་པ་མེད་པས་ལྷོད་ཀྱིས་གློད་ལ་ཆོས་ཉིད་མ་བཅོས་ངང་ལ་ཞོག༔ དེ་ལྟར་བྱས་ན་འདིར་བདེ་ཕྱི་མར་སྐྱིད༔ འཛངས་མ་ཚོས་མི་ཚེ་སྡུག་ལ་བསྐྱལ་ནས༔ ཚེ་ཕྱི་མ་ལ་དེ་བས་ཀྱང་སྡུག་པ་ཞིག་ངན་སོང་གནས་སུ་སྐྱེ་བ་དེ་ཆ་མེད་དམ་གསུངས༔ ༔

ཡང་གྷུ་རུས་བུད་མྱེད་རྣམས་ལ་གསུངས་པ་ནི་། ལས་ངན་པར་སྐྱེས་པའི་བུད་མྱེད་ཀུན་ཉོན་དང་། སྔ་མ་ལས་ངན་པ་བསགས་པས་དལ་ཏ་ [~ད་ལྟ་?] སྐྱེ་བ་དམན་། ད་རུང་ཚུལ་ཁྲིམས་རྩང་མ་སྙེ་ནས་རྩང་མ་སྲུངས་། ལུས་ལ་དགྲའ་ཡོད་པས་བུ་ཙ་བཙས་པའི་ནད་སྲན་མ་མཚོའ་། ཀུན་ལ་བྲེད་པ་མི་ཡོང་ངམ་། བྲེད་པ་མྱེད་པའི་སྲན་  [12v] མོ་ཆེ་ཚོའ་། འདོད་སྲེད་བློ་འིས་ཐོང་དང་། རྔོ་བཏགས་གཡོའ་ཏ་ལགས་པས་ཀྱང་ཆོས་ལ་རེམ་། མི་ཚེར་བའི་སྙིང་ཎ་མ་ཚོའ་། རྡི་བས་ཕྱི་མ་རིང་བས་། ཕྱི་མའི་དོན་དུ་ལྷ་ཆོས་རྒྱགས་ཕེར་ཐོགས་། མལ་ཕྱི་མ་ལྷང་དགོས་པས་མཉམ་པོ་ཡོད་། གསེར་རྣ་འཇུར་འགེགས་བྱེད་པའི་ཞིབ་ཏིག་ཅན་ཚོའ་། བསགས་པ་ལུས་ནས་ཡི་དགས་སུ་སྐྱེ་བ་མ་ཚོར་བའི་སྙིང་རུལ་མ་ཚོའ་།། ཡོ་བྱད་ཡོད་མྱེད་ཕྱོགས་ནས་སྦྱིན་པ་ཅི་གྲུབ་ཐོང་། 

སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་པ༔ ལས་ངན་སྐྱེ་བ་དམན་པའི་བུད་མེད་རྣམས་ཉོན་དང་༔ སྔ་རབས་ལས་ངན་བསགས་པས་ད་ལྟ་སྐྱེ་བ་དམན་པ༔ ད་རུང་ཚུལ་ཁྲིམས་བསྙེན་གནས་གཙང་མར་སྲུངས༔ ལུས་ལ་དགྲ་ཡོད་པས་བུ་ཆུང་བཙས་པའི་སྡུག་བསྔལ་དྲག་པོས་ཀྱང་མ་བྲེད་སྲན་མོ་ཆེ་ཚོ༔ འདོད་སྲེད་བློ་ཡིས་ཐོང་༔ བརྔོ་བཏགས་གཡོ་མ་དག་[~མངག་]ལ་སོགས་ལྷག་པའི་ལས་ཀུན་འབབ་ཀྱང་མི་འཚེར་བའི་མེ་རྡུལ་ཅན་ཚོ༔ ཚེ་འདི་བས་ཕྱི་མ་རིང་བས་ཕྱི་མའི་དོན་དུ་ལྷ་ཆོས་རྒྱགས་ཕྱེ་ཐོགས༔ མ་ཕྱིད་མ་ལྡང་དོགས་པ་མཉམ་པོ་ལ་སེར་སྣ་འཇུར་གེགས་བྱེད་དགོས་པའི་ཞིབ་ཏིག་མཁན་ཚོ༔ བསགས་པ་ལུས་ནས་ངན་སོང་གསུམ་དུ་སྐྱེ་བ་མི་ཚོར་བའི་རྫི་བརྟུལ་མ་ཚོ༔ [489] ཡོ་བྱད་ཡོད་མེད་ཕྱོགས་ནས་སྦྱིན་པ་ཅི་འགྲུབ་ཐོང ༔ 

བཞོན་པའི་དུས་སུ་ལྷ་ཆོས་མྱི་དྲན་ན་། ཁྱིམ་ཐབ་ལ་འགྲོ་བའི་བསམ་ངན་མ་ཚོའ་། ཁྱིམ་ཐབ་བྱས་ནས་སྐྱིད་ཀྱང་སྐྱིད་ཡུན་ཐུང་བས་། དེ་བས་སྡུག་སྔལ་ཡུད་ཙམ་སྲིངས་དལ་ནུས་ཚད་ཆོས་སྤྱོད་གྱིས་། ཆོས་ལ་གོ་བ་མྱེད་དུད་འགྲོ་མ་ཀུན་། གཏིའ་མུག་མུན་པར་ཁྱམ་པའི་ནག་ཡོར་མ་ཚོའ་། མྱི་ལུས་ཐོབ་ནས་ཆོས་ཀྱང་མི་ཤེས་ན་།  [13r]  རང་ཤི་བ་ཡང་མི་ཤེས་སམ་། ཤི་ནས་མི་ལུས་ཐོབ་པའི་སྟེང་ནི་ཅང་ཡོད་དམ་། ད་རུང་ཡང་སྐྱབས་འགྲོ་ལ་རེམ་ལ་སྙེ་ནས་རྩང་མ་སྲུངས་། བུ་ཁྱོ་མང་ཡང་རང་ཤི་བའི་ནང་པར་འབྲེང་ཁན་མྱེད་། བུ་ཁྱོ་དང་མྱི་འགྲོགས་རང་ཀ་འགྲོ་། རང་གཅིག་པུར་འགྲོ་སྟེ་འགྲོ་དགོས་འབྱུང་། དེས་ན་འཆི་ཀར་མྱི་འགྱོད་ཙམ་གྱི་ཆོས་སྤྱོད་གྱིས་དང་གསུང་པས་། ལས་ཅན་བུད་མྱེད་བདུན་གྲོལ་ནས་། སངས་རྒྱས་ཀྱི་ལམ་སྣ་ཟིན་སྐད་།།   །།   །

གཞོན་པའི་ཚེ་ལ་ཆོས་མི་དྲན་པར་ཁྱིམ་ཐབས་ལ་འགྲོ་བའི་བསམ་པ་དེ་ལས་མེད་པའི་བསམ་བརླག་མ་ཚོ༔ ཁྱིམ་ཐབ་བྱས་པས་སྐྱིད་ཀྱང་སྐྱིད་ཡུན་མེད༔ སྡུག་ན་དམྱལ་བ་ཡིན་པས་དམ་པའི་ལྷ་ཆོས་དྲན་པར་གྱིས༔ ཆོས་ལ་གོ་བ་མེད་ཅིང་གཏི་མུག་གི་མུན་པར་ཚུད་པའི་ནག་ཡོར་མ་ཚོ༔ མི་ལུས་ཐོབ་པ་ཡིན་པས་ཆོས་དང་མ་ཤེས་ན༔ རང་འཆི་བར་ཡང་མ་ཤེས་སམ༔ ཤི་ནས་མི་ལུས་གཙང་མའི་གདིང་[~གདེང་]ནི་ཁྱོད་ལ་ཅང་ཡོད་དམ༔ སྐྱབས་འགྲོ་རེམ་ཞིང་བསྙེན་གནས་དུས་གསུམ་སྤུངས་[~སྲུངས་]༔ བུ་ཁྱོ་མང་ཡང་འཆི་བའི་ནངས་པར་བུ་ཁྱོས་མི་སྟོངས་པར་གཅིག་པུར་འཆི་བས༔ འཆི་ཁར་མི་འཚེར་ཙམ་གྱི་ཆོས་སྤྱོད་གྱིས་གསུངས༔ ༔

ཡང་འགྷུ་རུས་།།  བུད་མྱེད་བདུན་ལ་གསུངས་པ་ནི་། ཉོན་༡་ཟ་མ་བུད་མྱེད་དད་པ་ཅན་ཀུན་། སྐྱབ་གནས་དཀོན་མཆོག་བཟང་གིས་སྐྱབས་འགྲོ་རེམ་ལ་གྱིས་། ཚེ་འདིར་ཀྲ་ཤིས་ཕྱི་མར་ངན་སོང་སྐྱོབ་། རྟེན་པར་བླ་མ་གཟང་གིས་འགོ་ལ་ཐོད་བཞིན་ཁུར་། ཚེ་འདིར་བྱིན་རླབས་འབྱུང་བས་ཕྱི་མ་ལམ་སྣ་འདྲེན་། མཆོད་པར་ཡི་དམ་བཟང་གིས་ཚིགས་དང་སྟོར་མ་ཐོང་། ཚེ་དྷིར་ཅི་བསམས་གྲུབ་ལ་ཕྱི་མ་འབྱོརད་པ་ཐོབ་། ཀུས་ས་ཕ་མ་བཟང་གིས་  [13v]  ཀུར་ཏི་རིམ་འགྲོ་གྱིས་།   ཚེ་འདིར་ཐོང་ཆོས་འོང་ལ་ཕྱི་མ་ལན་ཆགས་ཁོར་།། སྟོད་པ་བུ་ཁྱོ་བཟང་གིས་འགོ་ལ་ཐོད་བཞིན་བཅིང་། འདིར་བཙུན་ཕྱི་མ་ཐོའ་རིས་གནས་སུ་འགྲོ་། རྒྱབ་རི་ཡབ་སྐུད་བཟང་གིས་། མི་ཁ་ཡར་ལ་བསྡུད་། ཕྲལ་དབང་བུད་མྱེད་ཆེ་བས་ཟས་ལ་ཡངས་སུ་གྱིས་། ཚེ་འདིར་འཁོར་འདུའ་ཕྱི་མ་ཟས་ནོར་ཡོང་། སྔོན་གི་ལན་ཆགས་ཡིན་བས་བུ་ཙ་ཆོས་ལ་ཆུག་། ཚེ་འདིར་རང་ལ་ཕན་ལ་ཕྱི་མར་བུ་མ་ཕན་གསུང་ངོ་། །

ཡང་སློབ་དཔོན་པདྨས་བུད་མེད་རྣམས་ལ་གདམས་པ༔ ཉོན་ཅིག་ཟ་མ་བུད་མེད་དད་པ་ཅན་ཀུན༔ སྐྱབས་གནས་དཀོན་མཆོག་གསུམ་བཟང་གིསསྐྱབས་འགྲོའི་རིམ་པ་གྱིས༔ ཚེ་འདིར་བཀྲ་ཤིས་ཕྱི་མར་ངན་སོང་སྐྱོབ༔ བསྟེན་སར་བླ་མ་བཟང་གིསམགོའི་ཐོད་བཞིན་ཁུར༔ ཚེ་འདིར་ [490] བྱིན་རླབས་འབྱུང་ཞིང་ཕྱི་མར་ལམ་སྣ་འདྲེན༔ མཆོད་སར་ཡི་དམ་བཟང་གིས་ཚོགས་དང་གཏོར་མ་ཐོང་༔ ཚེ་འདིར་བསམ་པ་འགྲུབ་ཕྱི་མར་འབྱོར་པ་ཐོབ༔ བཀུར་ས་ཕ་མ་བཟང་གིས་བཀུར་སྟི་རིམ་གྲོ་གྱིས༔ ཚེ་འདིར་མཐོང་ཆོས་འོང་ལ་ཕྱི་མར་ལན་ཆགས་ཁྱེར༔ སྟོངས་པར་ཁྱོ་བོ་བཟང་གིསཁྱོ་ལ་མིག་བཞིན་ཁུར༔ འདིར་བཙུན་ཕྱི་མར་སྐྱེ་སར་སྐྱེ༔ འཕྲལ་དབང་བུད་མེད་ཆེ་བས་ཟས་ལ་ཡངས་སུ་གྱིས༔ ཚེ་འདིར་འཁོར་འདུ་ཕྱི་མར་ཟས་ནོར་འདུ༔ སྔོན་གྱི་ལན་ཆགས་ཡིན་པས་བུ་ཚ་ཆོས་ལ་ཚུད༔ ཚེ་འདིར་རང་ལ་ཕན་ཞིང་ཕྱི་མར་བུ་ལ་ཕན་གསུངས༔ ༔ 

ཡང་གྷུ་རུའི་ཞལ་ནས་།།  བློ་དམན་གོ་བ་མྱེད་པའི་བུད་མྱེད་སྲིང་མོ་ཀུན་དར་༡་ཉོན་དང་། ཚེའ་འདིར་ནི་ཡུད་ཙམ་ཡིན་བས་སྡུག་སྔལ་ཅི་ལ་བྱེད་། འདི་བས་ཕྱི་མ་རིང་བས་ཁྲམ་སྡིག་མ་བྱེད་༡་། འདིར་ངན་ཕྱི་མར་རྣམས་སྨྱིན་ཆེའོ་གཡོ་རྒྱུ་སྤོངས་། ཕྱི་མར་རྣམས་སྨྱིན་ཆེ་བས་སྡིག་པའི་ལས་མ་བྱེད་།  ཡོ་བྱད་ཡོད་  [14r]  ན་དཀོན་ཆོག་བླ་མ་མཆོད་།  ཚེ་འདི་དང་ཕྱི་མ་བྱིན་རླབས་འབྱུང་བར་ངེས་།  ཡོ་བྱད་ཎ་ན་མྱེད་ཀྱིན་བསོད་ནམས་ཆེ་འིས་ལྟོགས་པའི་མི་ལ་ཟས་སྐོམ་ཅུང་ཟད་ཙམ་[?]སྦྱིན་བར་གྱིས་དང་།  ཚེ་འཇུག་ཟས་སྐོམ་སྟེར་ཆེན་འདི་དང་ཕྲད་པར་འོང་ངོ་ཤེས་།  སྦྱིན་བ་ཕྱོགས་ཎ་ཐོང་།  

སློབ་དཔོན་པད་མས་བུད་མེད་རྣམས་ལ་གསུངས་པ༔ བློ་དམན་གོ་བ་མེད་པའི་མིག་སྒྲིན་མ་ཚོ་ཉོན་དང་༔ ཚེ་འདི་ཡུད་ཙམ་ཡིན་གྱིས་འདིའི་སྡུག་བསྔལ་མ་ཆེ༔ འདི་བས་ཕྱི་མ་རིང་བས་གཡོ་འཁྲིག་སྡིག་མ་བྱེད༔ འདིར་ངན་ཕྱི་མར་སྐྱོ་བས་ཁྱོ་མིན་སྐྱེས་པ་སྤོངས༔ རྣམ་སྨིན་དྲན་པར་གྱིས་ལ་སྡིག་པའི་ལས་མ་བྱེད༔ ཡོ་བྱད་ཡོད་ན་བླ་མ་དཀོན་མཆོག་མཆོད༔ འདི་ཕྱི་གཉིས་ཀར་བྱིན་རླབས་འབྱུང་བར་ངེས༔ ཡོ་བྱད་མེད་ན་སླར་ [491] གྱིས་བསོད་ནམས་ཆེ་ཡིས་སྦྱིན་པ་ཐོང་༔ སྙིང་རྗེའི་གནས་ལ་ཟས་སྐོམ་ཅུང་ཟད་བྱིན་ཡང་བསོད་ནམས་དཔག་ཏུ་མེད༔

གྲུབ་ན་བླ་མ་རྣམས་ལ་ཟས་ནོར་ཕུལ་ན་བརྒྱའ་འགྱུར་ཕེལ་། མ་གྲུབ་ཆོས་སྟོན་འགའ་ཙམ་དྲངས་ན་། ཕྱི་མའི་རྒྱག་ཕེར་འགྱུར་། གྲུབ་ན་བདེར་གཤེགས་བཀའ་ལ་ཟློག་འདོན་བྱས་ན་བསྒྲིབ་པ་བྱང་།  མ་གྲུབ་འདོའ་ཚར་༡་ཙམ་བཏོན་ན་རང་རང་གི་བསྒྲིབ་པ་བྱང་།  གྲུབ་ན་ཡི་དམ་ལྷ་ལ་ཟླས་པ་བྱས་ན་བར་ཆོད་སེལ་ཞིང་སྒྲིབ་པ་བྱང་།  མ་གྲུབ་སྐྱབ་འགྲོ་ལན་རེ་རྗོད་ན་། འདི་དང་ཕྱི་མའི་སྐྱབས་སུ་འགྱུར་།  གྲུབ་ན་སྡོམ་ཁྲིམས་རྩང་མ་སྲུངས་ [14v] ན་ཐར་པའི་ལམ་སྣ་འདྲེན་།   མ་གྲུབ་ཉ་སྟོང་ཚེས་རྒྱད་ལ་སྙེ་ནས་བསྲུངས་ན་མི་ལུས་རྩང་མ་ཐོབ་།  

གྲུབ་ན་བླ་མ་གོང་མ་རྣམས་ལ་ཟས་ནོར་ཕུལ་བས་སྟོང་འགྱུར་འཕེལ༔ མ་གྲུབ་ཆོས་སྟོན་འགའ་ཡང་ཕྱི་མའི་རྒྱགས་ཕྱེར་འགྱུར༔ གྲུབ་ན་བཀའ་ལ་ཀློག་འདོན་བྱས་ན་ཡུན་གྱི་བྱང་ཆུབ་འཐོབ༔ མ་གྲུབ་མདོ་ཚར་འགས་ཀྱང་རང་གི་སྒྲིབ་པ་འབྱང་༔ གྲུབ་ན་ཡི་དམ་བཟླས་པ་བྱས་ན་སྒྲིབ་བྱང་བར་ཆོད་སེལ༔ མ་གྲུབ་སྐྱབས་འགྲོ་བྱས་ན་འདི་ཕྱིའི་སྐྱབས་སུ་འགྱུར༔ གྲུབ་ན་ཚུལ་ཁྲིམས་གཙང་མ་བསྲུངས་ན་ཐར་པའི་ལམ་སྣ་ཟིན༔ མ་གྲུབ་བསྙེན་གནས་བསྲུངས་ཀྱང་ལྷ་མིའི་གོ་འཕང་འཐོབ༔

གྲུབ་ན་རང་སེམས་ལྟས་ལ་སྐྱེ་མྱེད་ཆོས་སྐུར་རྟོགས་། མ་གྲུབ་བསམ་ངན་མ་ལང་ཉོན་མོངས་རླུང་ཚུབ་ལྟར་། གྲུབ་ན་ཁྱོ་ལ་ཀུར་ཏི་བྱས་ན་རང་བཙུན་མི་སྤང་སྨོན་། མ་གྲུབ་ཐབ་རྩོད་མ་མང་འདུས་པས་བྲལ་བར་ངེས་། གྲུབ་ན་བུ་ལ་ཆོས་སློབ་འདི་ཕྱི་༢་ཀར་ཕན་། མ་གྲུབ་སྡིག་ལ་མ་འཇུག་འདི་ཕྱི་༢་ཀ་མི་རྒྱུད་རྩ་ནས་ཆད་། སློབ་ཀྱང་སེམས་ལ་མི་འཇོག་པའི་སྙིང་མྱེད་མ་ཚོའ་། འདི་ཕྱི་༢་ཀ་སྡུག་པའི་སྤྱོད་པ་ཞེན་ཆགས་སྤོངས་། རང་[?]ལ་རང་གིས་སླུས་ནས་། སྔ་མའི་ལས་ཟེར་བའི་སྙིང་མྱེད་མ་ཀུན་གསུངས་ནས་སླབ་སྟན་གསུངས་སོ་།། །།

གྲུབ་ན་སེམས་ལ་བལྟས་ན་རྟོགས་པ་ནང་ནས་འཆར༔ མ་གྲུབ་བསམ་བློ་མ་མང་ཉོན་མོངས་རླུང་འཚུབ་ལྡང་༔ གྲུབ་ན་ཁྱོ་ལ་བཀུར་བསྟི་བྱས་ན་རང་བཙུན་མིས་མི་འཕྱ༔ མ་གྲུབ་འཐབ་རྩོད་མ་མང་འདུས་པ་འབྲལ་བར་ངེས༔ གྲུབ་ན་བུ་ཚ་ལ་ཆོས་སློབས་འདི་ཕྱི་གཉིས་ཀར་ཕན༔ མ་གྲུབ་སྡིག་ལ་མ་འཛུད་འདིར་ངན་ཕྱི་མར་ལྕི༔ ལར་སྙིང་མེད་མ་འདི་ཚོ་འདི་ཕྱི་གཉིས་ཀར་སྡུག་པའི་སྤྱོད་པ་ཤ་སྟག་ [492] བྱེད་དེ༔ རང་ལ་རང་ཚས་འདི་ཀ་ཙམ་བྱས་ན་རུང་ངམ་གསུངས༔ ༔

ཡང་སློབ་དཔོན་པད་མའི་ཞལ་ནས་།།  ཉན་༡་ཟ་མ་བུད་མྱེད་ཚོའ་།  རིག་པ་བྱང་ཆུབ་སེམས་ལ་ཕོ་མོ་ཎ་།  རང་འབྱུང་གི་ཡེ་ཤེས་ལ་བཟང་ངན་མྱེད་།  རང་འབྱུང་ཆོས་སྐུ་ལ་ཅ་ཆེ་ཆུང་ཎ་།  [15r]  ཐིག་ལེ་ཉག་༡་དོན་ལ་ཕེལ་སྒྲིབ་མྱེད་།  སངས་རྒྱས་ཀྱི་དགོངས་པ་ལ་ཐོན་དམན་མྱེད་།  ཆོས་ཉིད་དང་སེམས་ཉིད་ལ་༢་སུ་མྱེད་།  རང་སེམས་སངས་རྒྱས་སུ་རྟོགས་ན་། སངས་རྒྱས་གཞན་ན་བཙལ་བ་མྱེད་།  སེམས་ཀྱི་དོན་རྟོགས་པར་གྱིས་ལ་ཉམས་སུ་ལོང་།  བུད་མྱེད་ཡིན་ཡང་ཚེ་ལ་དངོས་པོ་མྱེད་།  xxx[?]པས་ནམ་ཆིའ་ཆ་ཡང་མྱེད་པས་དམ་ཆོས་ལ་རེམ་ལ་མཛོད་དང་། དད་པ་ཅན་གྱི་བུད་མྱེད་ཚོའ་།  བློ་བླ་མ་དང་དཀོན་ཆོག་ལ་ཁོལ་།  གསོལ་བ་དད་གུས་མོས་པ་༣་གིས་ཐོབ་།  བྱ་བ་ནུས་ཚད་ཆོས་དང་བསྟུན་། བུད་མྱེད་དུ་སྐྱེས་ཀྱང་མཛངས་གྲགས་དང་ལྡན་བ་ཡིན་ནོ་།  

སློབ་དཔོན་པད་མའི་ཞལ་ནས༔ ཉོན་ཅིག་ཟ་མ་བུད་མེད་ཚོ༔ རིག་པ་བྱང་ཆུབ་སེམས་ལ་ཕོ་མོ་མེད༔ ཆོས་ཉིད་རང་བྱུང་ཡེ་ཤེས་ལ་བཟང་ངན་མེད༔ རང་བྱུང་ཆོས་སྐུ་ལ་མཐོ་དམན་མེད༔ ཐིག་ལེ་ཉག་གཅིག་གི་དོན་ལ་འཕེལ་འགྲིབ་མེད༔ སངས་རྒྱས་ཀྱི་དགོངས་པ་ལ་ཆེ་ཆུང་མེད༔ ཆོས་དང་ཆོས་ཉིད་ལ་གཉིས་སུ་མེད༔ རང་སེམས་སངས་རྒྱས་སུ་རྟོགས་ན་སངས་རྒྱས་གཞན་ནས་བཙལ་དུ་མེད༔ སེམས་ཉིད་ཀྱི་དོན་རྟོགས་པར་གྱིས་ལ་ཉམས་སུ་ལོང་༔ བླ་མ་དཀོན་མཆོག་མཆོད་ཅིང་བཏུབ་ཚད་ཆོས་དང་བསྟུན༔ བུད་མེད་དུ་སྐྱེས་ཀྱང་འཛངས་གྲགས་ལྡན་པ་ཡིན་ནོ་གསུངས༔ ༔

ཡང་གསུང་པ༔ བུད་མེད་ཀྱི་ལུས་ལ་ངན་རྒྱུ་མེད་ཀྱིས༔ མེ་ལོང་མ་ལྟ་སེམས་ཉིད་སྟོང་པ་མཐའ་བྲལ་གྱི་ལྟ་བ་ལ་ལྟོས༔ དུག་ལྔ་མ་སྒོམས་རང་བྱུང་ཡེ་ཤེས་འོད་གསལ་གཉིས་མེད་སྒོམས༔ བྱད་ཀྱི་དྲི་མ་མ་ཕྱིད་སྤྱོད་ལམ་རྒྱུན་དུ་སེམས་ཀྱི་དྲི་མ་ཕྱིས༔ ཁྱོའི་འདོད་པའི་འབྲས་བུ་མ་སྒྲུབས་ཆོས་སྐུ་རང་བྱུང་གིས་འབྲས་བུ་སྒྲུབས༔ སེར་སྣ་ [493] འཇུར་གེགས་མ་ཆེ་སྦྱིན་པ་འབད་པས་ཐོང་༔ ཉོན་མོངས་འདོད་སེམས་མ་ཆེ་ལུས་ངག་ཡིད་གསུམ་ཚུལ་ཁྲིམས་སྲུངས༔ ཁོང་ཁྲོ་མ་ཆེ་བཟོད་པའི་གོ་ཆ་བག་དང་ལྡན་པར་གྱིས༔ ལེ་ལོ་མ་ཆེ་ཆོས་སྤྱོད་བརྩོན་འགྲུས་སྐྱེད༔ གཡེང་བའི་དབང་དུ་མ་བཏང་བསམ་གཏན་ཏིང་འཛིན་སྒོམས༔ མ་རིག་དབང་དུ་མ་བཏང་ཤེས་རབ་གསལ་བའི་མེ་ཆེན་སྤོར༔ དེ་ལྟར་ཤེས་ན་བུད་མེད་མ་ཡིན༔ བྱང་ཆུབ་སེམས་མ་ཡིན་གསུངས་སོ༔ 

དེ་ལྟར་མ་ཤེས་ན་བླ་མ་སྤྱི་བོར་སྒོམས༔ སྐྱབས་འགྲོ་དཀོན་མཆོག་ལ་གྱིས༔ སྙིང་པོ་བྱང་ཆུབ་སྒྲུབ་པ་ཟློས༔ སེམས་ཉོན་མོངས་པ་ལ་མ་སྐུར༔ རིག་པ་བཙན་ས་ཟུང་ལ་ཆོས་ལ་འབད་རྩོལ་གྱིས༔ སྦྱིན་པ་ཆུང་ངུ་ནས་ཐོང་༔ སྡིག་པ་ཕྲ་མོ་ནས་འཛེམས༔ དགེ་བ་ཆུང་ངུ་ནས་སྤེལ༔ དེ་ལྟར་བྱས་ན་ཚེ་འདིར་ཇེ་བདེ་ཇེ་སྐྱིད༔ ཕྱི་མར་ངན་སོང་དུ་སོང་ན་ངས་ལན་གྱིས་གསུངས་སོ༔

ཅེས་གསུངས་པ་དང་། གྲུབ་ཐོབ་བུད་མྱེད་བདུན་ཤིན་ཏུ་རྗེས་སུ་ཡིད་རང་ནས་།  སློབ་དཔོན་གྱི་ཞབས་རྟོགས་འབད་ནས་།  སངས་རྒྱས་པར་འགྱུར་རོ་།།  ཕྱི་རབས་ཀྱི་དོན་དུ་ཇོ་མོ་ཁར་ཆེན་ཟས་ཡི་གེར་བཏབ་པའོ་།།  བརྫོགས་སོ་།།    །།

གྲུབ་ཐོབ་ཀྱི་བུད་མེད་བདུན་གྱིས༔ སློབ་དཔོན་ལ་རྗེས་སུ་ཡི་རང་ནསཕྱག་དང་བསྐོར་བ་བྱས༔ ཚོགས་འཁོར་ཆེན་པོ་བྱས་སོ༔ ཇོ་མོ་མཁར་ཆེན་བཟས་ཕྱི་རབས་ [494] ཀྱི་དོན་ལ་དགོངས་ནས༔ མུ་ཏིག་ཤེལ་གྱི་སྤ་མ་གོང་དུདུས་དེ་ཉིད་དུ་ཡི་གེར་བཏབ་བོ༔ རྒྱ་རྒྱ་རྒྱ༔



+  +  +


Notes on transcription policies:  

These comments mainly apply to Source A. I was unable to type the stacked letters 's' and 'h' together (with the 'h' beneath the 's'). I never transcribe anusvāra as anything but simple 'm'. For the most part shorthand abbreviations have been tacitly resolved (except in the front title, where I have attempted a higher level of exactitude, although there, too, the vowel 'o' in the first word is doubled, something I could not reproduce in my transcription), although I do preserve numbers where numbers are used in the manuscript, and have not spelled these out. I have accepted all inserted corrections and have adopted them in my transcription without comment. There are a few places where letters are cancelled (with two side-by-side dots added above them), and in these cases I have simply left them out.  Although it is not always my editing policy, for present purposes I have preserved misspellings without marking them as such. I believe most of these misspellings can be corrected by discerning readers without any outside help. I believe the paleographic and orthographic features of this manuscript are consistent with a 12th- or 13th-century date of scribing. As far as its content is concerned, although it purports to be first written down by Padmasambhava's consort Ye-shes-mtsho-rgyal, I think it was likely composed or deeply redacted in the 12th century.

Source A:  A small-format (22x8 cm.) cursive manuscript in 15 folios kept in the Giuseppe Tucci Tibetan collection at the IsIAO (Istituto Italiano per l’Africa e l’Oriente) Reading Room, National Central Library of Rome, no. 425. I would defer to the experts on this point, but I believe for the time being this manuscript is quite old, perhaps as old as the 13th century (noting the use of 'y' subscript on 'm' and the sparing use of shorthand that includes numbers, as we see in pre-1200 CE manuscripts from Matho). I could consult with the manuscript directly in the winter of 2024 and would like to note that the Tibetan paper has over the centuries lost most of the strength of its fibers until it feels more like cloth than paper. The edges are quite frayed, although there is no loss of text. There is a plan to make scans of the entire Tucci collection available over the internet.

Source B: Untitled, contained in: Rin-chen Gter-mdzod Chen-mo, Ngodrup and Sherab Drimay (Paro 1978), vol. 92, pp. 474-494, as part of the collection of Zhu-lan texts associated with the revelations of Nyang-ral Nyi-ma-’od-zer at pp. 179-705 in the same volume. Rather than type out the text myself, I took the relevant section from the Tsadra site Rinchen Terdzö Chenmo that contains a searchable text of the entire set of the Rin-chen Gter-mdzod, and then edited it to conform exactly to the 1978 publication (occasionally I have included preferable readings from the Tsadra site in square brackets).

Both textual witnesses have been checked at least once more for accuracy.