གནས་ཚུལ་མདོར་བསྡུས།
༉ ད་རིས་ སྤྱི་ཚེས་ ༡༡/༠༨/༢༠༢༣ རེས་གཟའ་སྤེནམ་ལུ་ གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིནམ་དང་བསྟུན་ ན་ཆུང་དང་ གཅེས་གཅེས་ཨིས་ཀའུཊི་༡༥༠ ལྷགཔ་ཅིག་གིས་ སྐེ་དར་ཞུ་ཡི། སྐེ་དར་ཞུ་ས་ལུ་ སྐུ་མགྲོན་གཙོ་བོ་སྦེ་ ཁྲོམ་སྡེའི་ཨིས་ཀའུཊི་ཚོགས་ཆུང་གི་ནང་ལས་ འཐུས་མི་དྲུང་ཆེན་ ཆོས་སྐྱིད་ཉི་མ་མཆོག་ འབྱོན་གནང་ཡི། ལས་རིམ་དེ་ཡང་ ན་ཆུང་དང་ གཅེས་གཅེས་ཨིས་ཀའུཊི་ གསརཔ་ཚུ་གི་དོན་ལུ་ སློབ་གྲྭའི་ཨིས་ཀའུསཊི་ཚོགས་ཆུང་གིས་ འགོ་འདྲེན་འཐབ་ཡོདཔ་ཨིན།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དུས་ཆེན་བརྩི་སྲུང་།
སྤྱི་ཚེས་༢༡/༠༢/༢༠༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་དུས་ཆེན་ བརྩི་སྲུང་ཞུ་ནིའི་དོན་ལུ་ ཁྲོམ་སྡེ་མངའ་འོག་གི་ སློབ་གྲྭ་ཁག་གི་ ན་གཞོན་ཨིས་ཀའུཊི་༣༦ རེ་ རུ་སྒྲིག་གི་དོན་ལུ་ བཅའ་མར་གཏོགས་དགོ་པའི་ བཀོད་རྒྱ་གནང་མི་དང་འཁྲིལ་ ང་བཅས་ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བ་གི་ནང་ལས་ ཨིས་ཀའུཊི་འགོ་ཁྲིད་པའི་ འགན་ཁུར་འཕོག༌མི༌ གུས་རང་གིས་ སློབ་རིམ་༤ པ། སློབ་རིམ་༥ པ། སློབ་རིམ་༦ པ་ནང་ལས་ ན་གཞོན་ཨིས་ཀའུཊ་སློབ་ཕྲུག་བསྡོམས་༣༦ འཁྱིད་དེ་ དུས་སྟོན་བརྩི་སྲུང་ཞུ་བར་ བཅའ་མར་གཏོགས་ཡོད་པའི་ གནས་ཚུལ།