ཚེས་བཟང་དུས་བཟང་བརྩི་སྲུང་།
༉ ད་རིས་ རང་ཟླ་༣ པའི་ཚེས་༡༥ འམ་ དབྱིན་ཟླ་༠༥ པའི་དབྱིན་ཚེས་༥ ལུ་ གཟའ་སྐར་དགེ་བའི་ཉིནམ་དང་འབྲེལ་ ཆོས་དང་ལམ་སྲོལ་སྡེ་ཚན་གྱིས་ འགོ་འདྲེན་ཐོག་ལུ་ སློབ་རིམ་༤ པ་ལས་༦ པ་ཚུན་གྱི་སློབ་ཕྲུག་ཨ་ལོ་ཚུ་དང་། སློབ་དཔོན་ཚུ་གིས་ ཕྱི་རུའི་ཐུན་གཏང་པའི་མཐོང་སྣང་བཅུད་བསྡུས།
ཞབས་དྲུང་སྐུ་མཆོད།
ད་རིས་ དབྱིན་ཟླ་༠༥ པའི་དབྱིན་ཚེས་༡ རེས་གཟའ་མིག་དམར་ལུ་ གཟའ་སྐར་དགེ་བའི་ཉིནམ་དང་འབྲེལ་ གུས་རང་གིས་ མ་དཔེ་ཕུལ་མི་གུ་ སློབ་རྣམ་རྒྱས་ཀྱིས་ ཁ་སྐོང་གི་དོན་ཚན་ཚུ་བཙུགས་ཏེ་ བཟོ་ཡོད་མི་ སློབ་གྲྭའི་དྲོ་པ་ཕྱི་རུའི་ ཁ་ཐུན་གྱི་དཔེ་དེབ་ སྒོ་འབྱེད་འབད་ཡོདཔ་མ་ཚད་ སློབ་དཔོན་དང་སློབ་རིམ་༤ པ་ཡན་ཆད་ཀྱི་སློབ་ཕྲུག་ཚུ་གིས་ བླ་མ་ཞབས་དྲུང་རིན་པོ་ཆེ་མཆོག་གི་ ཞབས་བརྟན་འཇིག་རྟེན་དབང་ཕྱུག་ཡང་ བསགས་གནང་པའི་ མཐོང་སྣང་།
ཆོས་བཤད་ལས་རིམ།
ད་རིས་ དབྱིན་ཟླ་༠༤ པའི་དབྱིན་ཚེས་༡༥ དབྱིན་ལོ་༢༠༢༣ ལུ་ གཟའ་སྐར་ཕུན་སུམ་ཚོགས་པའི་ཉིནམ་དང་འབྲེལ་ ང་བཅས་ རང་ལུགས་སྡེ་ཚན་ ཆོས་དང་ལམ་སྲོལ་འགོ་ཁྲིདཔ་གིས་ འགོ་འདྲེན་ཐོག་ལུ་ གྲོགས་དན་སློབ་དཔོན་ཨ་ཎེ་ཡེ་ཤེས་དབང་མོ་གིས་ སློབ་རིམ་༤ པ་ལས་༦ པ་ཚུན་གྱི་སློབ་ཕྲུག་ཚུ་ལུ་ འཇམ་དབྱངས་གསོལ་འདེབས་དང་། ལྷ་མོ་དབྱངས་ཅན་མའི་བསྟོད་པ། རྒྱལ་པོའི་བརྟན་བཞུགས་བཅས་ཀྱི་ཁུངས་དོན་ཚུ་ གསལ་བཤད་གནང་པའི་ སྐབས་ཀྱི་མཐོང་སྣང་་སྙིང་བསྡུས།
ལོ་བསྟར་སློབ་གྲྭའི་རིམ་འགྲོ།
༉ སློབ་དུས་ ༢༠༢༣ ལོའི་ སློབ་གྲྭའི་ལོ་བསྟར་གྱི་རིམ་གྲོ་དེ་ རང་ལུགས་སྡེ་ཚན་གྱིས་ ལས་རིམ་བརྩམ་མི་དང་འཁྲིལ་ཏེ་ སྤྱི་ཟླ་ ༣ པའི་སྤྱི་ཚེས་ ༢༣ ལུ་ བུདྡྷ་དཔོན་གྱི་བླམ་གིས་ འགོ་འདྲེན་ཐོག་ལུ་ དགེ་སློང་ཞལ་གྲངས་ ༡༠ གྱི་གནང་ཡོདཔ་ཨིན།