ངོ་སྤྲོད།
༉ ངེ་གི་མིང་ བསྟན་འཛིན་ནོར་བུ་ཨིན། ང་ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་ གཡུས་མེ་ལོང་མཁར་ལས་ཨིན། ང་ ད་ལྟོ་ ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བའི་ནང་ རྒྱལ་ཡོངས་ཁག་འབགཔ་གི་སློབ་དཔོན་སྦེ་ ཕྱག་ཞུ་བའི་བསྒང་ཡོད།
སློབ་རིག་ཤེས་ཚད།
ངེ་གི་ ཤེས་ཡོན་གྱི་གཞི་རྟེན་འདི་ རྫོང་ཁ་ཨིན། དེ་ཡང་ ང་གིས་ སྐད་ཡིག་དང་ལམ་སྲོལ་སློབ་གྲྭ་ཆེ་བ་ནང་ལས་ རིག་གཞུང་གི་ནང་ལུ་ སློབ་རིམ་ ༡༢ པ་དང་། སྔ་འགྱུར་མཐོ་སློབ་ཐེག་དགུ་ལེགས་བཤད་གླིང་བཤད་གྲྭ་ནང་ལས་ ནང་ཆོས་འཛིན་རིམ་ ༧ པ་ཚུན་ ལྷབ་ཡོདཔ་མ་ཚད། ད་ལྟོ་ སྟག་རྩེ་རིག་གཞུང་མཐོ་རིམ་སློབ་གྲྭ་ནང་ལུ་སྦེ་ སྣ་བསྲེས་སློབ་སྦྱོང་ལས་རིམ་འོག་ལུ་ གཙུག་ལག་མཐོ་རིམ་གོང་མའི་ཤེས་ཡོན་ ལྷབ་སྦྱང་འབད་བའི་བསྒང་ཡོད།
ལཱ་གི་ཉམས་མྱོང་།
ང་གིས་ (Centenary Radio) བརྒྱ་འཁོར་བརྒྱང་བསྒྲགས་ནང་ལུ་ ཟླ་ངོ་ ༣ གྱི་རིང་ རྫོང་ཁའི་གསལ་བཤད་པ་སྦེ་ ལཱ་འབད་ཡོདཔ་མ་ཚད་ དགའ་གླིང་དཔེ་སྐྲུན་ཁང་ནང་ལུ་ རྫོང་ཁའི་རྩོམ་སྒྲིགཔ་དང་འབྲེལ་ དཔེ་དེབ་བཟོ་བཀོད་པ་སྦེ་ ལོ་ངོ་ ༣ གྱི་རིང་དང་། ཀེ་ཨེམ་ཀྲི་དཔེ་སྐྲུན་ལས་སྡེ་ནང་ལུ་ རྫོང་ཁའི་རྩོམ་སྒྲིགཔ་དང་འབྲེལ་ ཞིབ་འཚོལ་ལས་རོགསཔ་སྦེ་ ལོ་ངོ་ ༣ གྱི་རིང་། དེ་ལས་བདེ་ཆེན་བརྩེ་མོ་སློབ་གྲྭ་ལྟེ་བའི་ནང་ སློབ་ཕྲུག་བུཚ་ལྟ་རྟོག་པ་སྦེ་ ལོ་ངོ་ ༡ གི་རིང་ ཕྱག་ཞུ་ཡི།
ད་ལྟོ་ ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བའི་ནང་ རྒྱལ་ཡོངས་ཁག་འབགཔ་གི་སློབ་དཔོན་སྦེ་ ཕྱག་ཞུ་བའི་བསྒང་ཨིནམ་དང་། འདི་ནང་ལུ་ཡང་ སློབ་སྡེའི་སློབ་དཔོན། ལས་སྲོལ་འགོ་འདྲེན་པ། རྩོམ་རིག་འགོ་འདྲེན་པ་དང་། རྫོང་ཁའི་སྡེ་ཚན་གྱི་ལག་ལེན་ཞིབ་འཚོལ་གྱི་འགོ་འདྲེན་པ། ཕྱོགས་སྡེའི་སློབ་དཔོན། ཨིས་ཀའུཊི་འགོ་འཛིན་ལས་རོགསཔ་སྦེ་ ཕྱག་ཞུ་བའི་བསྒང་ཡོད།
དཔེ་དེབ་རྩོམ་སྒྲིག།
ང་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ དཔེ་དེབ་ ༩ དང་། ཞབས་ཁྲ་ ༤ རྩོམ་བྲིས་འབད་ཡོད་མི་ཚུ་ཡང་། ༡/ ཨམ་བྱ་རྫི་མའི་སྲུང་། ༢/ ཨཔ་བཀྲ་ཤིས་བཟའ་ཚང་གཉིས། ༣/ ཡ་རབས་བཟང་པོ། ༤/ མི་ཚེ་དོན་ལྡན་བཟོ་ཐབས་ཀྱི་ལམ་སྟོན། ༥/ ཕྱི་མའི་རྒྱགས་བཀལ། ༦/ བཀྲ་ཤིས་གཡང་རྩེ་རྫོང་ཁག་ ཡ་ལང་རྒེད་འོག་གི་གཡུས་ཚན་ཁག་ཚུ་ནང་ཡོད་པའི་ གནས་དང་ལྷ་ཁང་ཚུ་གི་ངོ་སྤྲོད། ༧/ མེ་ལོང་མཁར་གཡུས་ཚན་གྱི་སྐུ་རིམ་ཟླཝ་༦ པའི་སྐྱེངས་ཀྱི་ལོ་རྒྱུས། ༨/ ཆེ་མ་མེ་ལོང་མཁར་གཡུས་ཚན་ནང་ཡོད་པའི་ ཨར་པོ་འཆམ་གྱི་ལོ་རྒྱུས(ཞིབ་འཚོལ་རྩོམ་ཤོག)། ༩/ བློ་གསར་ལས་དྲུག་པ་ཚུན་གྱི་ལམ་སྟོན། ཚུ་དང་།
ཞབས་ཁྲ།
༡/ འབྲུག་མི་ཡོངས་ཀྱི་སྐྱབས་མཆོག་ (མི་དབང་མངའ་བདག་རིན་པོ་ཆེ་ལུ་བསྟོད་རྩོམ)། ༢/ གསན་གནང་མས་ (དགའ་མཐུན་གྱི་ཞབས་བྲོ)། ༣/ བུདྡྷ་པོན་ (གནས་བཤད)། ༤/ བཀའ་དྲིན་ཆེ། སློབ་དཔོན་ག་ར་ལུ་ (སློབ་དཔོན་གྱི་ཉིནམ་བརྩི་སྲུང་གི་ཞབས་ཁྲ) བཅས་ཨིན།
སྦྱོང་བརྡར།
ང་གིས་ རྫོང་ཁ་སྦྱོང་བརྡར་སྤེལ་ཁང་ནང་ལུ་སྦེ་ གློག་རིག་ཀམ་པུ་ཊར་དང་། རྫོང་ཁ་ཡུ་ནི་ཀོཊ་གི་སྦྱོང་བརྡར་ ཟླ་ངོ་ ༣ གྱི་རིང་ འབད་ཡོདཔ་མ་ཚད། རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ འགོ་འདྲེན་ཐོག་ལུ་ དགེ་ལེགས་ཕུག་ཀུན་འབྱུང་འཕྲུལ་རིག་གསར་བཏོད་སྤེལ་ཁང་ནང་ལུ་སྦེ། ཁ་གསོའི་སློབ་སྦྱོང་ ༡/ རྫོང་ཁའི་བརྡ་གཞུང་། ༢/ སྐད་སྒྱུར་གྱི་གཞི་རྟེན་སློབ་སྦྱོང་། ༣/ འབྲུག་གི་ཡིག་བསྐུར་རྣམ་གཞག། ༤/ ཡིག་སྣོད་འཛིན་སྐྱོང་དང་། ༥/ རྫོང་ཁའི་གློག་རིག་གི་སློབ་སྦྱོང་ བདུན་ཕྲག་ ༢ ཀྱི་རིང་ འབད་ཡོདཔ་ཨིན།
ཁྱད་རིག་གི་སྦྱོང་བརྡར།
UNESCO MGIEP དང་། Mahatma Gandhi Institute of Education for Peace and Sustainable Developmentགཉིས་ མཉམ་རུབ་འབད་དེ་ Online ཐོག་ འགོ་འདྲེན་འཐབ་མི་ The Digital Teacher གྱི་སྦྱོང་བརྡར་ཡང་ མཐར་ཁྱོལ་ཡོད།
རྩ་གཞུང་དང་ཁྱད་རིག་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ སློབ་གྲྭ་ནང་ལུ་སྦེ་ EMIS དང་། EMS Portal གྱི སྦྱོང་བརྡར་ ཉིན་གྲངས་ ༣ གྱི་རིང་འབད་ཡི།
རྩ་གཞུང་དང་ཁྱད་རིག་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ རིན་ཆེན་འབྲིང་རིམ་སློབ་གྲྭ་ཆེ་བ་ནང་ལུ་སྦེ་ རྒྱལ་ཡོངས་སློབ་གྲྭའི་རྩ་གཞུང་གསར་པའི་ འགོམས་འདྲིས་སློབ་སྦྱོང་ ལས་རིམ་ནང་ ཉིན་གྲངས་ ༢ ཀྱི་རིང་ བཅའ་མར་གཏོགས་ཅི།
རྩ་གཞུང་དང་ཁྱད་རིག་གོང་འཕེལ་ལས་ཁུངས་ཀྱིས་ ཡོངས་འབྲེལ་(zoom) གི་ཐོག་ལས་ འགོ་འདྲེན་འཐབ་མི་ ལག་ལེན་ཞིབ་འཚོལ་གྱི་ཁ་གསོའི་སློབ་སྦྱོང་ ལས་རིམ་ནང་ ཉིན་གྲངས་ ༢ ཀྱི་རིང་ བཅའ་མར་གཏོགས་ཅི།
རྩ་གཞུང་དང་ཁྱད་རིག་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་བར་མ་ནང་ལུ་སྦེ་ དུས་རྒྱུན་གཞི་བཟོ་དབྱེ་ཞིབ་ Continue Assessment ཀྱི་སྦྱོང་བརྡར་ཉིནམ་ ༥ གི་རིང་འབད་ཡི།
རྩ་གཞུང་དང་ཁྱད་རིག་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ བློ་གསལ་གླིང་འབྲིང་རིམ་སློབ་གྲྭ་བར་མ་ནང་ལུ་སྦེ་ ས་གནས་གཞི་བཞག་གི་སློབ་སྟོན་ སྦྱོང་བརྡར་ཉིནམ་ ༡ དང་། སློབ་གྲྭའི་འགོ་འདྲེན་ཐོག་ ཉིནམ་ ༡ བསྡོམས་ ཉིན་གྲངས་ ༢ ཀྱི་རིང་ བཅའ་མར་གཏོགས་ཅི།
ཐིམ་ཕུག་ཁྲོམ་སྡེ་གིས་ འགོ་འདྲེན་ཐོག་ ལྷ་མོའི་རྫིང་ཁ་ཀརྨ་གླིང་སློབ་གྲྭ་ཆུང་བ་ནང་ལུ་སྦེ་ ཨིས་ཀའུཊ་གི་གཞི་རིམ་སྦྱོང་བརྡར་ BULT Corse ཉིནམ་ ༡༠ གྱི་རིང་འབད་ཡི།
རྩ་གཞུང་དང་ཁྱད་རིག་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ བློ་གསལ་གླིང་ འབྲིང་རིམ་སློབ་གྲྭ་བར་མ་ནང་ལུ་སྦེ་ (Neuroscience-based Mindfulness & Emotional) གི་སྦྱོང་བརྡར་ཉིནམ་ ༥ གི་རིང་འབད་ཡི།
ལཱ་གཡོག་ལྷན་ཁག་དང་། རྒྱལ་གཞུང་གཞི་གཡོག་ལྷན་ཚོགས་གཉིས་ མཉམ་རུབ་ཐོག་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་མཐོ་རིམ་འགོམས་འདྲིས་སློབ་སྦྱོང་ལས་རིམ་ནང་ བདུན་ཕྲག་ ༡ གི་རིང་ བཅའ་མར་གཏོགས་ཅི།
གློག་རིག་ཉམས་མྱོང་།
Online Programed G-Suite Google Classroom Google form, Google sheet, Google doc, Google slid, Google Site, secretive, quzy.com, wheel of name, Offline Word, Excel, PowerPoint, InDesign, Photoshop Tibet Doc ཚུ་ལག་ལེན་འཐབ་སྟེ་ སློབ་སྟོན་དང་བཟོ་བཀོད་ཚུ་ འབད་ཤེས།
ཀེ་ཨེམ་ཀྲི་ དཔེ་སྐྲུན་ལས་སྡེ་ནང་ ལཱ་འབད་ཡོདཔ།
1) བཀའ་ཐང་གསེར་འཕྲེང་མ། 2) ཞབས་དྲུང་འཇིགས་མེད་གྲགས་པའི་རྣམ་ཐར། 3) ཞབས་དྲུང་འཇིགས་མེད་ཆོས་རྒྱལ་གྱི་རྣམ་ཐར། 4) ཞབས་དྲུང་འཇིགས་མེད་ནོར་བུའི་རྣམ་ཐར། 5) གཏེར་སྟོན་འབྲུག་སྒྲ་རྡོ་རྗེའི་རྣམ་ཐར། 6) འགྲུབ་ཐོབ་སྦྱིན་པ་རྒྱལ་མཚན་གྱི་རྣམ་ཐར། 7) རྒྱལ་བུ་དོན་གྲུབ་ཀྱི་རྟོགས་བརྗོད། 8) དྲིན་ལན་མཇལ་བའི་མདོ། 9) ལེགས་ཉེས་ཀྱི་རྒྱུ་འབྲས་བསྟན་པ། བསླབ་པ་ལྔའི་མདོ། 10) རྫོང་ཁའི་བློ་ཟེ། 11) རྫོང་ཁའི་དཔྱེ་གཏམ། 12) ཞབས་དྲུང་རིན་པོ་ཆེའི་རྣམ་ཐར། 13) ལྷ་སྲས་གཙང་མའི་ལོ་རྒྱུས། 12) དཀོན་མཆོག་སྤྱི་འདུས། 13) ཉེར་མཁོ་དཔེ་ཆ། 14) བར་མདོ་ཐོས་གྲོལ། 15) གདམ་ངག་དཔེ་ཆ། 16) སྒྲོལ་ཆོག། 17) རི་བོ་བངས་མཆོད། 18) མདོས་འབུམ་དཔེ་ཆ། 19) བཀའ་ཐང་གསེར་འཕྲེང་།
དགའ་གླིང་ དཔེ་སྐྲུན་ཁང་ནང་ ལཱ་འབད་ཡོདཔ།
1) ཨཔ་ཨུ་མཛོ་རོང་པའི་སྲུང་། 2) བུམོ་ཡིད་འཕྲོག་བཟང་མོ། 3) ལང་ཤོར་ཐལ་བའི་གཅེས་འཕྲུག། 4) སློབ་ཕྲུག་ལེགས་ཤོམ། 6) གླང་སྤུན་གཉིས། 7) བྱི་ལི་དང་རོ་ཁྱི་གི་གཉེན། 8) སྤྱ་དཀར་གཡོ་སྒྱུ་ཅན། 9) ཟས་ཀྱི་ལས་གཡོག། 10) བྱི་ལི་དང་རོ་ཁྱི་གི་གཉེན། བཅས་ བསྡོམས་དཔེ་དེབ་༦༣ །
དཔེ་དེབ་གསར་རྩོམ།