སློབ་དུས་ ༢༠༢༣ གྱི་ལོ་ནང་ སློབ་གྲྭའི་དགོས་མཁོ་དང་འཁྲིལ་ཏེ་ ལྷན་ཁག། ལས་ཁུངས། ལས་སྡེ། ཁྲོམ་སྡེ། སློབ་གྲྭ་ཚུ་གིས་ འགོ་འདྲེན་འཐབ་མི་ ཁྱད་རིག་གི་སྦྱོང་བརྡར་ཚུ་ནང་ བཅའ་མར་གཏོགས་ཡོད་པའི་དྲན་ཐོ།
སློབ་གྲྭ་ནང་ལུ་འབད་ དབྱིན་ཚེས་ ༤/༠༢/༢༠༢༣ ལུ་ ཨ་ལོ་ལུ་ རྩུབ་སྤྱོད་ བཀག་ཐབས་ Child Protection ཟེར་མི་ དོན་ཚན་གུ་ ཁྱད་རིག་གི་སྦྱོང་བརྡར་ དུས་ཡུན་ཆུ་ཚོད་ ༣ གྱི་རིང་འབད་ཡོདཔ།
སློབ་གྲྭ་ནང་ལུ་འབད་ དབྱིན་ཚེས་ ༡/༠༤/༢༠༢༣ ལུ་ འཛིན་སྐྱོང་གི་ལཱ་ Leadership Management ཟེར་མི་ དོན་ཚན་གུ་ ཁྱད་རིག་གི་སྦྱོང་བརྡར་ དུས་ཡུན་ཆུ་ཚོད་ ༣ གྱི་རིང་འབད་ཡོདཔ།
སློབ་གྲྭ་ནང་ལུ་འབད་ དབྱིན་ཚེས་ ༢༤/༠༥/༢༠༢༣ ལུ་ Teachers Beyond Leader ཟེར་མི་ དོན་ཚན་གུ་ ཁྱད་རིག་གི་སྦྱོང་བརྡར་ དུས་ཡུན་ཆུ་ཚོད་ ༥ གི་རིང་ འབད་ཡོདཔ།
སློབ་གྲྭ་ནང་ལུ་འབད་ དབྱིན་ཚེས་ ༢༤/༠༥/༢༠༢༣ ལུ་ Enchaining for Teaching & Learning for Dzongkha ཟེར་མི་ དོན་ཚན་ཐོག་ལུ་ ཁྱད་རིག་གི་སྦྱོང་བརྡར་ དུས་ཡུན་ཆུ་ཚོད་ ༣ གི་རིང་ འབད་ཡོདཔ།
སློབ་གྲྭ་ནང་ལུ་འབད་ དབྱིན་ཚེས་ ༣/༠༦/༢༠༢༣ ལུ་ དུས་རྒྱུན་གཞི་བཟོ་དབྱེ་ཞིབ་དང་། དབྱིན་སྐད་ཀྱི་རྗོད་སྒྲ་བཏོན་ཐངས་ཟེར་མི་ དོན་ཚན་ཐོག་ལུ་ ཁྱད་རིག་གི་སྦྱོང་བརྡར་ དུས་ཡུན་ཆུ་ཚོད་ ༥ གི་རིང་ འབད་ཡོདཔ།
སློབ་ཆོས་སྐྱིད་དབང་མོ་གིས་ སློབ་གྲྭ་ནང་ལུ་འབད་ དབྱིན་ཚེས་ ༡༠/༠༦/༢༠༢༣ ལུ་ Back word Design ཟེར་མི་ དོན་ཚན་ཐོག་ལུ་ ཁྱད་རིག་གི་སྦྱོང་བརྡར་ དུས་ཡུན་ཆུ་ཚོད་ ༢ གི་རིང་དང་། ད་རུང་ སློབ་དབུ་འཛིན་གྱིས་ Mentor & Coaching ཟེར་མི་ དོན་ཚན་ཐོག་ལུ་ ཁྱད་རིག་གི་སྦྱོང་བརྡར་ དུས་ཡུན་ཆུ་ཚོད་ ༡,༣༠ གི་རིང་དང་། ད་རུང་ སློབ་དཀོན་མཆོག་བཀྲ་ཤིས་ཀྱིས་ Road to Digital Documentation ཟེར་མི་ དོན་ཚན་ཐོག་ལུ་ ཁྱད་རིག་གི་སྦྱོང་བརྡར་ དུས་ཡུན་ཆུ་ཚོད་ ༡ གི་རིང་གནང་མི་ ལས་རིམ་ཚུ་ནང་ བཅའ་མར་གཏོགས་ཡོད་པའི་ དྲན་ཐོ།
སྤྱི་ཚེས་༠༡/༠༨/༢༠༢༣ ལུ་ Bhutan Centre for Media & Democracy འབྲུག་བརྡ་བརྒྱུད་དང་དམངས་གཙོའི་ལྟེ་བ་གིས་ འགོ་འདྲེན་འཐབ་ཡོད་མི་ Contend Writing Workshop ནང་ལུ་ ཉིནམ་གཅིག་གི་གི་རིང་ བཅའ་མར་གཏོགས་ཅི།
སྤྱི་ཚེས་ ༠༢/༠༩/༢༠༢༣ ལུ་ ནང་སྲིད་ལྷན་ཁག་འོག་གི་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ སྐད་ཡིག་ཞིབ་འཚོལ་དང་ དར་ཁྱབ་སྡེ་ཚན་གྱིས་གནང་མི་ ཝི་ཀི་པི་ཌི་ཡ་ ནང་དོན་བྲི་ནིའི་སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ཨིན།