སྟག་ཁྱིམ་སྡེ།
དྲན་གསོ།
འཆར་ཤོག་འདི་ནང་ སྟག་ཕྱོགས་སྡེ་གིས་ སློབ་གྲྭའི་ ལོ་འཁོར་རེའུ་མིག་དང་འཁྲིལ་ཏེ་ ལས་རིམ་མ་འདྲཝ་ཚུ་ནང་ བཅའ་མར་གཏོགས་ཡོད་པའི་ ཁ་གསལ་ཚུ་ འོག་གི་ཚོན་ཁྲ་ཅན་གྱི་དཀར་ཆག་གུ་ ཨེབ་གནང་།
རྐང་རྩེད་འགྲན་བསྡུར་ནང་ བཅའ་མར་གཏོགས་ཡོདཔ།
སྤྱི་ཚེས་༢༩/༤/༢༠༢༣ ལུ་ སློབ་དུས་ ༢༠༢༣ ལོའི་ སློབ་གྲྭའི་རྩེད་རིག་ལས་ཁུངས་ཀྱིས་ ཕྱོགས་སྡེའི་བར་ན་ རྐང་རྩེད་ཕུཊ་བཱོལ་གྱི་འགྲན་བསྡུར་ འགོ་འདྲེན་འཐབ་མི་འདི་ནང་ ང་བཅས་སྟག་ཕྱོགས་སྡེའི་ བུཚ་སྡེ་ཚན་གྱིས་ ཨང་༢ པ་ཐོབ་སྟེ་ དབུ་འཛིན་འོགམ་གི་ཕྱག་ལས་ རྒྱལ་རྟགས་ཞུ་པའི་བསྒང་གི་མཐོང་སྣང་།
གྲ་སྒྲིག་མེད་པའི་ གསལ་བཤད་གཏང་ནིའི་ ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ།
༉ དབྱིན་ཚེས་༡/༠༤/༢༠༢༣ ལུ་ སློབ་གྲྭའི་རྩོམ་རིག་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་མི་ ཕྱོགས་སྡེའི་བར་ན་ རྫོང་ཁའི་གྲ་སྒྲིག་མེད་པའི་ གསལ་བཤད་གཏང་ནིའི་ ལས་རིམ་འདི་ནང་ ང་བཅས་སྟག་ཕྱོགས་སྡེ་གིས་ཡང་ བཅའ་མར་གཏོགས་ཡོད་པའི་ མཐོང་སྣང་།