ཁ་བྱང་གི་དམིགས་ཡུལ།
༉ ང་བཅས་རའི་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ རྒྱལ་ཁབ་གཞན་དང་འཕྱདཔ་ད་ དུས་རབས་ལས་བཅད་དེ་ རྒྱལ་ཁབ་ཀྱི་རང་དབང་དང་ ཞི་བདེ་འབྱུང་མི་འདི་ གཙོ་བོ་ར་ འབྲུག་མི་ཡོངས་ཀྱི་བསོད་ནམས་ གཅིག་མཐུན་ལས་བརྟེན་ཨིནམ་དང་། ད་ལས་ཕར་འབད་རུང་ མི་མང་གི་བསོད་ནམས་ལུ་ རག་ལས་ནི་ཨིན་པས། གཙོ་བོ་ བསོད་ནམས་འདི་ ང་བཅས་ར་ མི་ཚུ་གིས་ མནོ་བསམ་གཏང་ཐངས་ཀྱི་ ཤེས་རབ་ལུ་བརྟེན་ཏེ་ འབྱུང་དོ་ཡོདཔ་དང་། མནོ་བསམ་ ལེགས་ཤོམ་བཏང་ཤེསཔ་བཟོ་ནི་དེ་ཡང་ རྒྱལ་ཁབ་ཀྱི་ལམ་སྲོལ་ ཆོས་དང་ རིག་གཞུང་གི་ཤེས་ཡོན་ཚུ་ལས་བརྟེན་ འཐོབ་དགོཔ་ཨིན་པས། དེ་འབདཝ་ལས་ ད་རེས་ ང་གིས་ ཚིག་དོན་ སྡེབ་སྦྱོར་གྱི་ཕུན་སུམ་ཚོགས་མ་ཚུགས་རུང་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་དང་ རྒྱལ་ཁབ་ཀྱི་རང་དབང་ སྲུང་སྐྱོབ་ལུ་ ཕན་ཐབས་དམིགས་ཏེ་ འབྲི་གོ་དེ་བཟོ་ཡོདཔ་ཨིན་ནོ།
ཐུགས་ཀྱི་དྲན་གསོ།
༉ མི་དམངས་ཡོངས་ལུ་ སྙན་སྒྲོན་ཞུ་དོན་དེ་ཡང་། ཁ་བྱང་འདི་ནང་ཡོད་པའི་ ཡིག་ཆ་ཚུ་ ལྷབ་སྦྱང་གི་དོན་ལུ་ རྐྱངམ་གཅིག་ ལག་ལེན་འཐབ་གནང་ཟེར་ ཞུ་ནི་དང་གཅིག་ཁར། གནང་བ་མེད་པར་ པར་སྐྲུན་འབད་ནི་དང་། ཚོང་འབྲེལ་འཐབ་ནི་ཚུ་ལས་ འཛེམས་གནང་ཟེར་ གསོལ་འདེབས་ཞུཝ་ཨིན།
ནང་དོན་དཀར་ཆག།
ཞབས་ཏོག།
ཞབས་ཁྲའི་གློག་བརྙན་སྣ་ཚོགས།