སློབ་དཔོན་གྱི་ཉིནམ་བརྩི་སྲུང་།
༉ ལོ་བསྟར་བཞིན་དུ་ དབྱིན་ཟླ་༥ པའི་དབྱིན་ཚེས་༢ ལུ་ མི་དབང་ཞིང་གཤེགས་ འབྲུག་རྒྱལ་གསུམ་པ་མཆོག་གི་ འཁྲུངས་སྐར་དུས་ཆེན་གྱི་ཉིནམ་བརྩི་སྲུང་ཞུ་སྲོལ་ཡོདཔ་མ་ཚད་ ཉིནམ་འདི་དང་དང་འབྲེལ་ རྒྱལ་ཁབ་མཐའ་དབུས་མེད་པའི་ སློབ་གྲྭ་ཁག་ཚུ་ནང་ལུ་ སློབ་དཔོན་གྱི་ཉིནམ་ཡང་ བརྩི་སྲུང་ཞུ་སྲོལ་ཡོདཔ་ཨིན། དེ་འབདཝ་ལས་ ང་བཅས་ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བའི་ སློབ་དཔོན་དང་སློབ་ཕྲུག་ཚུ་གིས་ཡང་ ཉིནམ་དེ་ སྤྲོ་བའི་ཐོག་ལས་ བརྩི་སྲུང་ཞུ་ཡོད་པའི་ མཐོང་སྣང་།
ཁ་དར་གྱི་ལས་རིམ།
ད་རེས་ གཟའ་སྐར་རྟེན་འབྲེལ་ཕུན་ཚུམ་ཚོགས་པའི་ ཉིནམ་དང་འབྲེལ་ ང་བཅས་ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བའི་ སློབ་དཔོན་དང་། སློབ་ཕྲུག་ཚུ་གིས་ དབུ་འཛིན་འོགམ་གསརཔ་ལུ་ འབྱོན་པ་ལེགས་སོ་གི་བཀྲ་ཤིས་ཁ་དར་ཕུལ་ཡོད་པའི་ མཐོང་སྣང་།
རེས་གཟའ་ལྷགཔ་ ཨ་རྟག་ར་ སྒྲིག་ལམ་རྣམ་གཞག་གི་ཉིནམ་ བརྩི་སྲུང་ཞུ་བ།
༉ ན་ཆུང་་སློབ་ཕྲུག་ཚུ་ལུ་ རང་ལུགས་དཔལ་ལྡན་འབྲུག་པའི་ ཆོས་དང་ལམ་སྲོལ་གྱི་ཤེས་ཡོན་ གོ་བ་བརྡ་སྤྲོད་འབད་ཐབས་ལུ་ དམིགས་ཏེ་ རང་ལུགས་སྡེ་ཚན་གྱིས་ འགོ་འདྲེན་འཐབ་ཡོད་མི་ རེས་གཟའ་ལྷགཔ་གི་མར་ཆང་གཏོར་ནིའི་ ལས་རིམ་འགོ་འདྲེན་འཐབ་ཡོད་པའི་ མཐོང་སྣང་།
སློབ་གྲྭའི་ཡོངས་དཔོན་བཙག་འཐུ།
སློབ་དུས་༢༠༢༣ ལོའི་ སློབ་གྲྭའི་ཡོངས་དཔོན་དང་། ཕྱོགས་སྡེའི་དོ་དམ། དེ་ལས་དོ་དམ་གཞན་ཚུ་ བཙག་འཐུ་འབད་ནི་གི་དོན་ལུ་ འཕྲུལ་ཆས་Mobile Voting Machan དེ་ལག་ལེན་འཐབ་ཐོག་ལས་ རང་མོས་རྣམ་དག་གི་ཐོག་ལས་ བཙག་འཐུ་འབད་ཡོདཔ་མ་ཚད་ བཙག་འཐུ་གྲུབ་མི་ དོ་དམ་ཚུ་ལུ་ ངོ་རྟགས་ཕུལ་ཡོད་པའི་ མཐོང་སྣང་།
སློབ་དུས་ ༢༠༢༣ གྱི་དོན་ལུ་འཛོམས་ཡོདཔ།
ད་རེས་ སྤྱི་ཟླ་ ༠༢ པའི་སྤྱི་ཚེས་ ༡༣ ལུ་ ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བ་གིས་ སློབ་རིམ་ ༤ པ་ལས་ ༦ པ་ཚུན་གྱི་སློབ་ཕྲུག་ཨ་ལོ་ཚུ་ སློབ་དུས་༢༠༢༣ གྱི་དོན་ལུ་ ལོག་འཛོམས་ཡོད་པའི་ མཐོང་སྣང་།
རྒྱལ་སྲས་ཀྱི་འཁྲུངས་སྐར་དུས་ཆེན།
ད་རིས་ སྤྱི་ཚེས་༥/༠༢/༢༠༢༣ ལུ་ ང་བཅས་ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བའི་ བཟའ་ཚང་ཚུ་གིས་ གནས་བཟངཔོ་ཏ་ལ་ལུ་ སྙིང་རྗེའི་རང་གཟུགས་ འཕགས་མཆོག་སྤྱན་རས་གཟིགས་དང་དབྱེར་མེད་པར་བཞུགས་ཏེ་ ང་བཅས་འབངས་མི་རྣམས་ཀྱི་རྟེན་དུ་འབྱོན་པའི་ མི་དབང་རྒྱལ་སྲས་འཇིགས་མེད་རྣམ་རྒྱལ་མཆོག་ དགུང་ལོ་༧ བཞེས་པའི་ འཁྲུངས་སྐར་དུས་ཆེན་ བརྩི་སྲུང་ཞུ་ཡོད་པའི་ མཐོང་སྣང་།
སློབ་དཔོན་གསརཔ་བསུ་བ།
ད་རེས་ སྤྱི་ཚེས་༠༡/༠༢/༢༠༢༣ ལུ་ སློབ་དབུ་འཛིན་གྱིས་ མ་འོངས་པའི་ ན་གཞོན་ཚུ་གི་ལམ་སྟོན་པ་ ཁྱད་རིག་ཅན་གྱི་སློབ་དཔོན་བཞི་ལུ་ འབྱོན་པ་ལེགས་སོའི་ བཀྲ་ཤིས་ལེགས་དར་ཕུལ་ཡོད་པའི་ མཐོང་སྣང་།
སློབ་དུས་༢༠༢༣ གྱི་དོན་ལུ་ སློབ་གྲྭ་སྒོ་ཕྱེ་ཡོདཔ།
༉ ད་རིས་ དབྱིན་ཚེས་༡/༠༢/༢༠༢༣ ལུ་ ང་བཅས་ཀུན་གསལ་ཕོ་བྲང་སློབ་གྲྭ་ཆུང་བའི་ སློབ་དཔོན་དང་། བདག་སྐྱོང་ཚོགས་པའི་འཐུས་མི་ཚུ་ སྤྱི་ལོ་ ༢༠༢༣ གྱི་སློབ་དུས་ འགོ་བཙུགས་ནི་གི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཞབས་བརྟན་ཕུལ་ཐོག་ལས་ འཛོམས་ཡོད་པའི་མཐོང་སྣང་།