མིང་ཚིག་སྦྱོར་ཡིག།
WORD PROCESSOR
མིང་ཚིག་སྦྱོར་ཡིག།
WORD PROCESSOR
༉ འདི་ སློབ་གྲྭ་ཨིན། སློབ་གྲྭ་འདི་ ཨ་ལོ་ཚུ་ དཔེ་ཆ་ལྷབ་སའི་ ས་གོ་དང་ཁྱིམ་ལུ་ སླབ་ཨིན། འབྲུག་རྒྱལ་ཁབ་ནང་ སློབ་གྲྭ་ལེ་ཤ་ཡོད། ང་བཅས་ཚུ་གིས་ སློབ་གྲྭ་འདི་ མཛེས་ཏོག་ཏོ་མཐོང་ནི་གི་དོན་ལུ་ མཐའ་འཁོར་དང་ སྒོ་ཁར་ལས་ཕར་ ཤིང་དང་མེ་ཏོག་ཚུ་ བཙུགས་དགོ།
༉ བྱང་ཤིང་འདི་ སློབ་ཁང་ནང་ཡོད་པའི་ ཅ་ཆས་ཚུ་གི་སླ་ལས་ གཅིག་ཨིན། བྱང་ཤིང་འདི་ སློབ་དཔོན་ཚུ་གིས་ ལག་ལེན་འཐབ་འོང་། བྱང་ཤིང་ལུ་ ཚོས་གཞི་དང་། སྦོམ་ཆུང་གི་ཁྱད་པར་ མ་འདྲཝ་ལེ་ཤ་ཡོད། བྱང་ཤིང་འདི་ ང་བཅས་སློབ་ཕྲུག་ཚུ་གིས་ དཀྲོག་མི་བཏུབ།
༉ འདི་ སློབ་དཔོན་ཨིན། སློབ་དཔོན་འདི་ ང་བཅས་རའི་ མི་ཚེ་ནང་ལུ་ ཁག་ཆེ། སློབ་དཔོན་འདི་མེད་པ་ཅིན་ ང་བཅས་ཚུ་གིས་ མི་ཚེ་ནང་དགོ་པའི་ ཤེས་རིག་ཡོན་ཏན་ཚུ་ ཐོབ་མི་ཚུགས། རང་ལུ་ཡོན་ཏན་མེད་པ་ཅིན་ མི་ཚེ་ དགའ་ཏོག་ཏོ་འབད་ སྐྱོང་མི་ཚུགས། དེ་འབད་ནི་འདི་གིས་ སློབ་དཔོན་ཚུ་ལུ་ གུས་ཞབས་འབད་དགོ།
ཁོ་ ཚེ་རིང་ ཨིན། ཚེ་རིང་འདི་ སློབ་རིམ་ ༤ པའི་སློབ་ཕྲུག་ཨིན། ཚེ་རིང་གིས་ དཔེ་དེབ་ཚོང་ཁང་ནང་ལས་ དཔེ་དེབ་ ལེ་ཤ་ཉོ་འབག་དེས། ཚེ་རིང་འདི་ སློབ་རིམ་ ༤ པའི་ སློབ་ཕྲུག་ཚུ་གི་གྲལ་ལས་ དྲག་ཤོས་ཅིག་ཨིན།
༉ ཕམ་ཟེར་མི་འདི་ ཕ་ཨ་པ་དང་ མ་ཨའི་གཉིས་ཀྱི་མིང་ གཅིག་ཁར་བབསྡུ་སྟེ་ སླབ་པའི་ ཚིག་ཨིན། འཛམ་བུ་གླིང་ནང་ཡོད་མི་ མི་དང་སེམས་ཅན་ག་ར་ལུ་ ཕམ་ཡོད། ང་བཅས་ཚུ་ ཕམ་གཉིས་མེད་པ་ཅིན་ དགའ་ཏོག་ཏོ་དང་ སྐྱིད་ཏོང་ཏོ་སྦེ་ སྡོད་མི་ཚུགས། དེ་འབད་ནི་འདི་གིས་ ནམ་ར་འབད་རུང་ ང་བཅས་ཚུ་གིས་ ཕམ་གཉིས་ཀྱིས་གསུང་པའི་ ཁ་ལུ་ཉན། གུས་ཞབས་འབད་བ་ཅིན་ རང་གི་མི་ཚེ་ནང་ བྱ་བ་ལམ་འགྲོ་ལེགས་ཤོམ་འགྱོཝ་ཨིན།
༉ ཨའི་ཟེར་མི་འདི་ ང་བཅས་སྐྱེས་མི་ལུ་ སླབ་ཨིན། ཨའི་འདི་ ང་བཅས་ཀྱི་མི་ཚེ་ནང་ ཁག་ཆེ་ཤོས་ཅིག་ཨིན། ཨའི་གིས་ ང་བཅས་ཚུ་གི་དོན་ལུ་ ལཱ་ལེ་ཤ་འབདཝ་ཨིན། ང་བཅས་ཚུ་གིས་ ཨའི་ལུ་དགའ་དགོ།
༉ མི་ཚེ་ནང་ལུ་ ཆ་རོགས་ལེགས་ཤོམ་ གདམ་ཁ་རྐྱབ་དགོ། ཆ་རོགས་ལེགས་ཤོམ་ཟེར་མི་འདི་ རང་སྡུག་བསྔལ་མྱོངམ་ད་ བཀོ་མ་བཞག་པར་ ཆ་རོགས་འབད་བྱིན་མི་ལུ་ སླབ་ཨིན། ང་བཅས་ཀྱི་མི་ཚེ་དེ་ ཆ་རོགས་ལེགས་ཤོམ་དང་ གཅིག་ཁར་བསྡོམ་པ་ཅིན་ རང་ཡང་ ལེགས་ཤོམ་འགྱོ་ནི་དང་། ཆ་རོགས་ངན་པ་དང་ གཅིག་ཁར་བསྡོམ་པ་ཅིན་ རང་ཡང་ ངན་པ་ལུ་ འགྱུརཝ་ཨིན། དེ་འབད་ནི་འདི་གིས་ ནམ་ར་འབད་རུང་ ཆ་རོགས་ངན་པ་སྤང་སྟེ་ བཟང་པོ་བསྟེན་དགོ།
༉ ཆུ་འདི་ ང་བཅས་ར་ མི་དང་སེམས་ཅན་ག་ར་ལུ་ ཁག་ཆེ། ཆུ་འདི་མེད་པ་ཅིན་ ང་བཅས་མི་དང་ སེམས་ཅན་ཚུ་ སྡོད་མི་ཚུགས། ཆུ་འདི་ ཤིང་དང་མེ་ཏོག་ཚུ་ལུ་ཡང་ དགོ། གནམ་དགུན་ཤིང་གི་འདབ་མ་དང་ མེ་ཏོག་ ཞལ་ལག་ཚུ་ བསྐམ་འགྱོ་མི་འདི་ དེ་སྒང་ ས་ནང་གི་ཆུ་ཚུ་ བསྐམ་འགྱོ་ནི་འདི་གིས་ཨིན། འདི་འབད་ནི་འདི་གིས་ ང་བཅས་ཚུ་གིས་ དུས་ནམ་ར་འབད་རུང་ ཆུ་ལེགས་ཤོམ་འབད་ བདག་འཛིན་འབད་དགོ།
༉ མེ་ཏོག་འདི་ མི་ག་ར་གིས་ དགཝ་ཨིན། མེ་ཏོག་འདི་ ཁྱིམ་གྱི་མཐའ་འཁོར་དང་ སློབ་གྲྭའི་མཐའ་འཁོར་ཚུ་ནང་ བཙུགས་པ་ཅིན་ འཇའ་ཆི་ཆི་མཐོང་འོང་། མེ་ཏོག་འདི་ མཆོད་གཤམ་ནང་ལུ་ ཕུལ་བཏུབ། མེ་ཏོག་ལུ་ རིགས་དང་ཚོས་གཞི་ མ་འདྲཝ་ལེ་ཤ་ཡོད།