འགྲེལ་བཤད་འབྲི་རྩོམ།
DESCRIPTIVE ESSAY
འགྲེལ་བཤད་འབྲི་རྩོམ།
DESCRIPTIVE ESSAY
བཞེས་སྒོ་དགའ་ཤོས་བཱ་གར་གྱི་སྐོར།
ཉིན་བསྟར་བཞིན་དུ་ འཛམ་གླིང་རྒྱལ་ཁབ་ ཡར་རྒྱས་འགྱོ་མི་དང་བསྟུན་ ཕྱི་རྒྱལ་གྱི་བཞེས་སྒོ་མ་འདྲཝ་ལེ་ཤ་ཅིག་ར་ ང་བཅས་རའི་རྒྱལ་ཁབ་ནང་ ཐོབ་ཚུགསཔ་འགྱོ་སྟེ་ཡོད། དེ་མ་ཚད་ བཞེས་སྒོ་བྲོཝ་ཅན་ཚུ་ ང་བཅས་ག་ར་གིས་ བཟའ་ནིའི་ གོ་སྐབས་ཐོབ་སྟེ་ཡོད། འཛམ་གླིང་ནང་ལུ་ བཞེས་སྒོའི་རིགས་ མ་འདྲཝ་ཚུ་ ཐོབ་ཚུགས་མི་དང་འཁྲིལ་ ང་བཅས་མི་ཚུ་གིས་ རང་གིས་དགའ་མི་ བཞེས་སྒོ་མ་འདྲཝ་ཚུ་ བཟའ་ནི་ལུ་ གདམ་ཁ་རྐྱབ་ཨིན།
དེ་བཟུམ་སྦེ་ ངེ་གི་མི་ཚེ་ནང་ལུ་ཡང་ བཞེས་སྒོ་མ་འདྲཝ་ལེ་ཤ་ཅིག་ བཟའ་ནིའི་ གོ་སྐབས་ཐོབ་ཅི། དེ་ཚུ་གི་ནང་ལས་ ཕྱི་རྒྱལ་གྱི་བཞེས་སྒོ་ བཱ་གར་བཟུམ་གྱི་བྲོཝ་འཚོར་མ་མྱོང་། དེ་འབད་ནི་འདི་གིས་ ད་རིས་ ང་གིས་འབྲི་རྩོམ་འདི་ བཞེས་སྒོ་བཱ་གར་གྱི་སྐོར་ལས་ འབྲི་ནི་ཨིན།
བཞེས་སྒོ་བཱ་གར་འདི་ དུས་ཚོད་དང་ གནས་སྟངས་ ག་ཅི་བཟུམ་ནང་ལུ་ཡང་ བཟའ་ཚུགསཔ་ཨིན། བཞེས་སྒོ་བཱ་གར་འདི་ ང་བཅས་རའི་ འབྲུག་རྒྱལ་ཁབ་ཀྱི་བཟའ་ཁང་ མང་ཤོས་ཅིག་ནང་ལུ་ དམིགས་བསལ་གྱི་བཞེས་སྒོ་འབད་ བཟོཝ་ཨིན།
བཱ་གར་དེ་ དང་པ་ར་ བཱན་དང་། ཧོན་ཚོད། ཤ་ཕྱེ། སྤྱིསི། བླམ་བན་ད། སྒོགཔ། སྒོང་རྡོག། དེ་ལས་ ཚྭ་ཚུ་བཙུགས་ཞིནམ་ད་ དོ་རུང་ཐོག་ཁར་ བཱན་བཀལ་ཏེ་འོངམ་ཨིན། འདི་ཚུ་གི་ནང་ལས་ ང་གིས་ སྤྱིསི་དང་། ཚོད་སྲེ་ཚུ་ བཙུགས་ཏེ་བཟོ་མི་ བཱ་གར་དེ་ བཟའཝ་ཨིན། བཱ་གར་ནང་ལུ་ ཚོད་སྲེ་མངམ་བླུགས་པ་ཅིན་ བྲོཝ་ཡང་ ལེགས་ཤོམ་འཐོནམ་མ་ཚད། རང་གི་གཟུགས་ཁར་ཡང་ འདི་གིས་ཕན་ཐོགསཔ་ཨིན།
སྤྱིར་བཏང་ གོང་ལུ་བཀོད་ཡོད་དོ་བཟུམ་སྦེ་ ངེ་གི་བཞེས་སྒོ་དགའ་ཤོས་དེ་ བཱ་གར་ཨིན་རུང་། འཕྲལ་འཕྲལ་སྐབས་ པི་ཛ་དང་ པཱསི་ཊ་བཟུམ་ཚུ་ཡང་ བཟའ་ནི་ཡོད། ང་བཅས་ར་ཚུ་གིས་ བཞེས་སྒོ་མ་འདྲཝ་དེ་བཟུམ་ཚུ་བཟའ་བ་ཅིན་ རང་གི་གཟུགས་ཁར་ཕནམ་མ་ཚད་ སྤྲོ་བ་ཡང་ མ་འདྲཝ་འབྱུང་ནི་འདུག་གོ།