ལོ་རྒྱུས་འབྲི་རྩོམ།
NARRATIVE ESSAY
ལོ་རྒྱུས་འབྲི་རྩོམ།
NARRATIVE ESSAY
སྦྱོང་ལཱ༑ ཁྱོད་ཀྱི་སེམས་ཁ་ དགའ་བ་སྦོམ་སྦེ་ནམ་བྱུང་ཡི? ག་དེ་སྦེ་བྱུང་ཡི? དེའི་སྐོར་ལས་ ལོ་རྒྱུས་འབྲི་རྩོམ་ཅིག་བྲིས།
༉ མི་ཚེ་ནང་ ཉིནམ་འདྲཝ་མ་འདྲཝ་ལེ་ཤ་འོང་ནི་ཡོད། ཉིནམ་དེ་བཟུམ་ ལེ་ཤ་ཡོད་པའི་གྲས་ལས་ ང་རའི་སྐྱེས་བའི་ཉིནམ་འདི་ གནམ་མེད་ས་མེད་ ཁག་ཆེ་ཏོག་ཏོ་ཅིག་འབད་བརྩིཝ་ཨིན། ཉིནམ་དེ་ ཕམ་དང་སྤུན་ཆ་ ཆ་རོགས། དེ་ལས་ ཁྱིམ་ཚང་ཚུ་འཛོམས་ཏེ་ དགའ་སྤྲོ་སྟོན་པའི་ཉིནམ་ དགའ་ཤོས་ཅིག་ཨིན། ལོ་ཨ་རྟག་ར་ སྐྱེས་བའི་ཉིནམ་བརྩི་སྲོལ་ཡོད་པའི་ནང་ལས་ ང་ སྐྱེས་ལོ་༡༠ ལངས་བའི་ སྐྱེས་སྟོན་འདི་ ངེ་མི་ཚེ་ནང་ ནམ་ཡང་བརྗེད་མ་ཚུགསཔ་ཅིག་ཨིན།
སྤྱི་ཟླ་༠༨ པའི་སྤྱི་ཚེས་༠༡ འདི་ ང་འཛམ་གླིང་ནང་ སྐྱེས་བའི་ཉིནམ་འབདཝ་ལས་ ང་གནམ་མེད་ས་མེད་ སེམས་དགའ་སྟེ་སྡོད་ཡི། དེ་གི་དོན་ལུ་ ངེའི་ཕམ་ལུ་སླབ་སྟེ་ སློབ་ཁང་ནང་ སློབ་དཔོན་དང་ ཆ་རོགས་ལུ་བྱིན་ནི་གི་ མགུ་རམ་ཚུ་ ཉོ་བཞག་ཡི། ང་ དྲོ་པ་ཧ་སག་ལོང་སྟེ་ མཆོདཔ་དང་དཀར་མེ་ཚུ་ཕུལ་ཏེ་ ངེའི་མི་ཚེ་ནང་ རྐྱེན་བར་ཆད་ག་ནི་ཡང་མེད་པ་ ཕམ་དང་གཞུང་ལུ་ ཕྱྲག་ཞུ་ཚུགས་བཅུག་ཟེར་ སྨོན་ལམ་བཏབ་ཞིནམ་ལས་ སློབ་གྲྭ་ནང་སོང་ཡི།
ང་ སློབ་ཁང་ནང་ལྷོདཔ་ད་ ངེ་ཆ་རོགས་འཆམ་ཤོས་པདྨོ་གིས་ སྐྱེས་བའི་ཉིནམ་ལུ་ བཀྲ་ཤིས་བདེ་ལེགས་ཟེར་ སླབ་དེས། དེ་ལས་ སློབ་ཁང་གི་ཆ་རོགས་ཚུ་གིས་ཡང་ བཀྲ་ཤིས་བདེ་ལེགས་ཟེར་སླབ་སྟེ་ ང་གིས་ གུ་རམ་འདི་ ཁོང་ག་ར་ལུ་ བྱིན་ཡི། དེ་བཟུམ་སྦེ་ སློབ་སྡེ་སློབ་དཔོན་གྱིས་ཡང་ སྐྱེས་བའི་ཉིནམ་ལུ་ བཀྲ་ཤིས་བདེ་ལེགས། ཟེར་གསུངས་གནངམ་ལས་ ང་སེམས་ལུ་ དགའ་བ་སྦོམ་འབྱུང་ཡི།
སློབ་གྲྭའི་དུས་ཚོད་ཚང་སྟེ་ ལོག་ཁྱིམ་ནང་ལྷོདཔ་ད་ ཨ་རྟག་དང་མ་འདྲ་བའི་ སྐྱེས་སྟོན་གྱི་བཅའ་སྒྲིག་རྐྱབ་སྟེ་ བཞག་ནུག། དེའི་ཤུལ་ལས་ དཀར་མེ་གཅིག་ཕུལ་ མངར་ཟས་བཏོག་སྟེ་ སྐྱེས་སྟོན་ལས་རིམ་འགོ་བཙུགས་ཅི། དེ་ཚུ་ རྫོགསཔ་ད་ སྐྱེས་བའི་ཉིནམ་གྱི་ཁྱོསམ་ ལྷག་དེབ་གསརཔ་ཅིག་བྱིནམ་ལས་ གནམ་མེད་ས་མེད་སེམས་དགའ་ཡི། ཉིནམ་འདི་ ལོ་གཉིས་ཀྱི་ཧེ་མ་འབྱུང་ཡོད་རུང་ ད་ལྟོ་ཡང་ སེམས་ཁར་ཁྲ་ལམ་ལམ་དཔྱད་རིག་ཡོད།
སྐྱེས་བའི་ཉིནམ་འདི་ ལོ་གཅིག་ནང་ཚར་གཅིག་ལས་བརྒལ་འོང་ནི་མེདཔ་ལས་ ཉིནམ་འདི་ དོན་དག་ཡོདཔ་སྦེ་བཟོ་དགོ། ཉིནམ་དེ་ རང་གི་ཕམ་ལུ་བཀའ་དྲིན་བསམ་ནི་དང་ རང་གི་མི་ཚེ་ནང་ རྐྱེན་བར་ཆད་མེད་པ་ མནོ་བའི་དོན་དག་ཚུ་འགྲུབ་བཅུག་ཟེར་སྨོན་ལམ་བཏབ་ནིའི་ དུས་ཚོད་བཟང་པོ་ཅིག་ཨིན། ག་ར་གི་མི་ཚེ་ནང་ སྐྱེས་བའི་ཉིནམ་འདི་ ལེགས་ཤོམ་སྦེ་བརྩི་སྲུང་འབད་དེ་ མི་ཚེ་ལེགས་ཤོམ་སྦེ་སྐྱོང་ཚུགས་པའི་རེ་བ་ཡོད།།
སྦྱོང་ལཱ༑ ཁྱོད་ཀྱི་སེམས་ཁ་ དགའ་བ་སྦོམ་སྦེ་ནམ་བྱུང་ཡི? ག་དེ་སྦེ་བྱུང་ཡི? དེའི་སྐོར་ལས་ ལོ་རྒྱུས་འབྲི་རྩོམ་ཅིག་བྲིས།
༉ ལོ་ཨ་རྟག་ར་ ང་བཅས་རའི་རྒྱལ་ཁབ་ནང་ དབྱིན་ཟླ་༥ པའི་དབྱིན་ཚེས་༢ འདི་ སློབ་དཔོན་གྱི་ཉིནམ་སྦེ་ བརྩི་སྲུང་ཞུ་ སྲོལ་ཡོདཔ་ཨིན། དེ་བཟུམ་སྦེ་ དུས་ཅི་ང་བཅས་ཀྱི་ སློབ་གྲྭ་ནང་ལུ་ཡང་ སློབ་དཔོན་ཚུ་ལུ་ བཀའ་དྲིན་ བསམ་ནིའི་དོན་ལུ་ སློབ་དཔོན་གྱི་ཉིནམ་འདི་ བརྩི་སྲུང་ ལེགས་ཤོམ་སྦེ་ར་ ཞུ་ཡོདཔ་ཨིན།
ང་བཅས་སློབ་ཕྲུག་ག་ར་ སློབ་དཔོན་གྱི་ཉིནམ་ བརྩི་སྲུང་ཞུ་ནིའི་དོན་ལུ་ དྲོ་པ་ཧ་སག་ལོང་སྟེ་ ཁ་ལག་འཁྱུ་ དྲོ་མཛར་བཟའ་ ཚར་བའི་ཤུལ་ལུ་ སློབ་གྲྭའི་སྒྲིག་གོ་ཚུ་ ཧིང་སངས་ས་སྦེ་གྱོན་ཞིནམ་ལས་ སློབ་གྲྭ་ནང་སྤྲོ་བ་དང་བཅསཔ་སྦེ་འགྱོ་ཡི།
སློབ་གྲྭ་ནང་ལྷོད་པའི་ཤུལ་ལས་ ང་བཅས་སློབ་གྲྭའི་དོ་དམ་ཚུ་དང་ སློབ་ཕྲུག་ག་ར་གིས་ མཉམ་རུབ་ཀྱི་ཐོག་ལས་ སློབ་དཔོན་ ཚུ་བཞུགས་སའི་ བཞུགས་ཁྲི་དང་ སློབ་ཕྲུག་ཚུ་གི་དོན་ལུ་ རྐང་ཁྲི་ཚུ་བཀྲམ་སྟེ་ བཅའ་སྒྲིག་ཚུ་རྐྱབ་ཚར་བའི་ཤུལ་ལས་ སློབ་ དཔོན་དང་སློབ་ཕྲུག་ཚུ་ག་ར་ རྒྱལ་པོའི་བརྟན་བཞུགས་ ཕུལ་སའི་ཐང་ནང་འཛོམས་གནང་ཡི།
དེའི་ཤུལ་ལས་ སློབ་གྲྭའི་ཡོངས་དཔོན་གྱིས་ ང་བཅས་དམངས་ཁར་ལུ་བྱོན་པ་ལེགས་སོའི་ གསལ་བཤད་ སློབ་དཔོན་གྱི་ ཉིནམ་ བརྩི་སྲུང་ཞུ་དགོ་པའི་སྐོར་ལས་ གསལ་བཤད་ཕུལ་ཚར་ཞིན་ན་ མངར་རྫས་དང་གསོལ་ཇ་ཚུ་དྲང་ཚར་བའི་ཤུལ་ལས་ སློབ་རིམ་རེ་རེ་བཞིན་དུ་གིས་ ཞབས་ཁྲ་དང་ གཞན་སྤྲོ་བའི་ལས་རིམ་ཚུ་སྤྱན་འབུལ་ཞུ་ཐོག་ལས་ མཇུག་ར་ང་བཅས་ཆ་རོགས་ ཚུ་དང་ སློབ་དཔོན་ག་ར་གིས་ བཅའ་མར་གཏོགས་ཏེ་ བཀྲ་ཤིས་ལེགས་པས་ཀྱི་མཇུག་བསྡུ་ཡི།
དེ་ཚེ་ཉིནམ་ཅིག་གི་ ལས་རིམ་འདི་ ང་བཅས་སློབཕྲུག་དང་ སློབ་དཔོན་ཚུ་གི་བར་ནང་ཐ་དམ་ཚིག་དང་ བཀའ་དྲིན་བསམ་ནིའི་ གོ་སྐབས་ལེགས་ཤོམ་ཐོབ་ཡོདཔ་ལས་ སེམས་ལུ་དགའ་བ་འབྱུངམ་མ་ཚད་ ལོག་ཤུལ་ལས་ཡང་དེ་བཟུམ་མའི་གོ་སྐབས་ཐོབ་ བཅུག་ཟེར་སྨོན་ལམ་བཏབ་སྟེ་ སློབ་དཔོན་གྱི་ཉིནམ་འདི་ དགའ་ཏོག་ཏོ་སྦེ་ བརྩི་སྲུང་ཞུ་ཡི།