ལེགས་འཛིན་ཆོསྐྱིད་དབང་མོ།
མཛུབ་སྣོན་སྦྱང་བ།
༄༅ ། །ཨོཾ་སྭ། བསྐལ་མང་གོང་ནས་མངོན་པར་བུང་ཆུབ་ཀྱང་། ལྔ་བདོའི་འགྲོ་ལ་བདེ་བའི་ཐུགས་བསྐྱེད་ཀྱིས། བཅུ་གཉིས་མཛད་དོན་ ཡོངས་རྫོགས་པའི། ཉོན་མཆོག་ཤཱཀྱིའི་རྒྱལ་པོར་གུས་ཕྱག་འཚོལ། །གང་གི་ལཱིང་བསྟན་འཁྲུལ་མེད་དགོངས་དོན་བཞིན། །བདེ་ལྡན་ ཞིང་མགོན་ཐུགས་ཀའི་ས་བོན་ལས། །མ་འཁྲུངས་གསང་སྔགས་བསྟན་པའི་བདག་པོ་བཆོག། །པངྨ་ཀཱ་རའི་ཞབས་པད་སྤྱི་བོས་བསྙེན། ། འཇིག་རྟེན་དབང་ཕྱུག་གང་འདུལ་སྤྲུལ་པའི་སྐུ། །ཞིང་འདིའི་ལྷག་པའི་ལྷ་རཱི་ཡོངས་ཤར་བ། །མཐུ་ཆེན་བདུད་འཇོམས་རྡོ་རྗེའི་བཀའ་ དྲིན་ནི། ། བྱང་ཆུབ་སྙིང་པོའི་བར་དུ་སྙིང་ནས་དྲན། །འདི་ན་མཐའ་མེད་རྣམ་པར་རྟོག་པའི་རྒྱན། །རྣམ་མང་རྗོད་བྱེད་ཙིག་གི་འབབ་སྒོ་ནས། །ཀུན་ཡིད་ འཇོ་བའི་སྔོན་མེད་ཆུ་གཏེར་ཆེ། །འབྲུག་གི་ཡིག་བཀུར་རྣམ་གཞག་འདི་ན་སྤྲོ།།
༊ སྨན་ལྗོངས་དཔལ་ལྡན་འབྲུག་པའི་ཆོས་སྲིད་ལཱགས་གཉིས་ཀྱི་ཆབ་སྲིད་འཁོར་ལཱིགས་གཉིས་ཀྱི་ཆབ་སྲིད་འཁོར་ལཱུ་བསྒྱུར་བའི་མི་དབང་མངའ་བདག་རིན་པོ་ཆེའི་ ༧ ཞབས་པད་གསེར་ཁྲི་མཁོན་པར་མཐོ་བའི་དྲུང་དུ།
࿐ ཤེས་བྱའི་བློ་གྲོས་ཡངས་པ་བློན་ཆེན་ལཱི། དོན་འབྲས་། དེ་ནི་ རྩ་ཁྲིམས་ཅན་གྱི་རྒྱལ་བརྒྱུད་ཀྱི་དམངས་གཙོའི་ རིང་ལཱིགས་འདི་ མི་ དབང་འབྲུག་རྒྱལ་བཞི་པའི་ཞབས་ལས་ ང་བཅས་རའི་རྒྱལ་ཁབ་དང་ མི་སེར་གྱི་ཕན་བདེ་ཁོ་ནའི་དོན་ལཱི་ཐུགས་བཞེ་ ད་གནང་སྟེ་ འགོ་བཙུགས་ གནང་ཡོད། འདི་ལཱི་ བློན་ཆེན་ཁྱོད་ར་གིས་གཙོས་པའི་ གཞུང་ སྐྱོང་བློན་པོ་ཚུ་གིས་ཡང་ རྒྱལ་ཁབ་ཀྱི་ཕྱག་ལཱ་ཚུ་ནང་ ག་དེ་དྲག་དྲག་རྩ་ འགེངས་ཏེ དམངས་གཙོའི་རིང་ལཱིགས་ཀྱི་གཞི་འགྱམ་ སྒྲིང་སྒྲིང་སྦེ་བཙུགས་ཐབས་འབད་མི་འདི་ལཱི་ ངལ་རངས་སྦོམ་བྱུང་ཡོད།
ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྕཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཏངྱ་ཐཱ། ཨོཾཏྲ་ཊ་ཏྲུ་ཊ། ཏྲོ་ཊ་ཏྲོ་ཊ་ཡ། སྥུ་ཊ།སྥུ་ཊ། སྥུ་ཊལཡསྥུ་ཊ་ཡ། གྷུརྞྞ་ གྷུརྞྞ།་གྷུརྞ་པ་ཡ་གྷུརྞ་པ་ཡ། སརྦ་ཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བྷོ་དྷ་ཡ་སཾ་བྷོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲ་མ་སཾ་བྷྲ་མ། སརྦ་བྷཱུ་ཏཱ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སཾ་ཀུ་ཊ་ཡ། སརྦ་ཤ་ཏཱུན། གྷ་ཊ་གྷ་ཊ། སཾ་གྷ་ཊ་ཡ་སཾ་གྷ་ཊ་ཡ། སརྦ་བི་དཱཾ་བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ། སུ་བཛྙཱ་ཡ་སྭཱ་ཧཱ། ཧེ་ཕུལླ། ནི་རུ་ཕུལླ། གྲྀཧྣ་ཀུལླ། མི་ལི་ཙུལླུ། ཀུ་རུ་ཀུལླ། བཛྲ་བི་ཛ་ཡཱ་སྭཱ་ཧཱ། ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སྭཱ་ཧཱ། ཙ་རི་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་ར་ཎཱ་ཡ་སྭཱ་ཧཱ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། མ་ཧཱ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། བྷནྡྷ་བྷནྡྷ། ཀྲོ་དྷ་ཀྲོ་དྷ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཙུ་རུ་ཙུ་རུ་ཙཎྜ་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཏྲཱ་ས་ཏྲཱ་སཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སྭཱ་ཧཱ། ཧ་ར་ཧ་ར་བཛྲ་བི་དཱ་རཱ་སྭཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷཉྫ་ནཱ་ཡ་སྭཱ་ཧཱ། མ་ཏི་སྠི་ར་བཛྲ། ཤྲུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་ཨེ་ཧི་བཛྲ། ཤཱི་གྷཾ་བཛྲ་དྷ་རཱ་ཡ་སྭཱ་ཧཱ། དྷ་ར་དྷ་ར། དྷི་དྷི་རི། དྷུ་རུ་དྷུ་རུ། སརྦ་བཛྲ་ཀུ་ལཾ་ཨཱ་བརྟཱ་ཡ་སྭཱ་ཧཱ། ཨ་མུ་ཀ་མཱ་ར་ཕཊ། ན་མཿས་མནྟ་བཛྲ་ཎཱཾ། སརྦ་བཛྲ་ཀུ་ལཾ་ཨའ་བརྟ་ཡ། མ་ཧཱ་བ་ལེ། ཀ་ཏ་བེ། ཏ་ཏ་ལེ། ཨ་ཙ་ལེ། མཎྜ་ལམ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལེ། བེ་ག་ར་ཎ་ར་ཎ། ཨ་ཛི་ཏི། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། པིཾག་ལེ། ད་ཧ་ད་ཧ་ཏེ་ཛོབ་ཏི། ཏི་ལི་ཏི་ལི། བནྡྷ་བནྡྷ། མ་ཧཱ་བ་ལེ། བཛྲ་ཨཾ་ཀུ་ཤ་ཛྭ་ལཱ་ཡ་སྭཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ། ན་མཤྩཎྜ་བརྫྲྲ་ཀྲོ་ངྷཱ་ཡ་། ཧུ་ལུ་ཧུ་ལུ། ཏིཥྦྲ་ཏིཥྦ། བནྔྷ་ བནྔྷ། ཧ་ན་ཧ་ན། ཨ་མྲྀ་ཏེ་ཧཱཾ་ཕཊ།
ཊི་བེ་ཊོ་ བུར་མཱན། Proto Tibeto Burman
སྐད་ཡིག་རྫོང་ཁ་ འབྱུང་ས་འདི་ས་འདི་ ཊི་བེ་ཊོ་བུར་མཱན་ལས་འབྱུངས་ཡོད་པའི་ ཁུངས་དོན ཿ
༡༽ ཊི་བེ་ཊོ་བུར་མ་ གི་ཁ་སྐད་ ཀྱི་ ཁྱད་ཆོས་ཚུ་ ག་ར་ ང་བཅས་ཀྱི་ རྫོང་ཁ་ནང་ ཚངས་འདི་ཡོད་ནི་འདི་གི་ཨིན་པས།
ཁྱད་ཆོས་ཚུ་ཡང་
༡༽ སྒྲ་བྱུང་བ(tonal system) ཿ སྒྲ་བྱུང་བ་ཟེར་མི་འདི་ ཚིག་ཚུ་གི་ སྒྲན་གདངས་དང་སྒྲ་ཚད་གི་དོན་སོ་སོ་འབད་བཟོ་མི་ལུ་སླབ་ཨིན།
༢༽ སྒྲ་བཐོ་བ་ དང་སྒྲ་དམའ་བ
ཊི་བི་ཊོ་བུར་མཱན་ གི་ དཔེ་ཿ
སྒྲ་བཐོ་བ་ སྒྲ་དམའ་བ
༡༽མ(not) ༡༽མ(mother)
༢༽ཞབས (foot) ༢༽ ཟབ(deep)
༣༽ཞི(peace) ༣༽ཟི (shine)
རྫོང་ཁ་ གི་ དཔྱེཿ
སྒྲ་བཐོ་བ་ སྒྲ་དམའ་བ
༡༽མི ༡༽མེད
༢༽ཀླུ ༢༽ཀླུ (song)
༢༽ སྒྲ་གཅིག་ཅན(monosyllabic structure)
སྐད་ཡིག་ གི་ ཚིག་ལེ་ཤ་ར་སྒྲ་གཅིག་འབད་གྲུབ་ཨིན།
རྫོང་ཁ༼ ཁ། མི། ཆུ། བུ། ཡུ། དུ། ༽
ཊི་བི་ཊེན༼ མ། དེ། ༽
བུར་མ༼ཡེ། ལན། ཅིན། ༽
ཊི་བེ་ཊོ་ དཔྱེར་ནཿ
སངས་(pure) རྒྱས།(enlighten)
མི་ (person) ཚང་(family)
དགའ་(happy) སྟོན(celebration)
རྫོང་ཁ་གྱི་དཔྱེཿ
མི(people) རིགས(ethnic group)
ལག (hand) ཆགས(tool)
ལག(hand) ཤུབས(gloves)
བྱེད་བ།(subject) བྱེད་ཡུལ།(object) བྱ་ཚིག།(verb)
རྩ་བའི་ ཚིག་བཟོཝ་ད་ དབྱེ་བ་ཧེ་མ་ དང་ བྱེད་ཡུལ་ དེ་ལས་ བྱ་ཚིག་ འོང་དགོ།
༡༽ ཊི་བེ་ཊོ་ དཔྱེཿ
༡༽ ང་ ཆ་ བཟས།།
༢༽ ང་ དེབ་ ཀློག་ བ་ ཨིན།
༢༽ རྫོང་ཁ་ གི་ དཔྱེཿ
༡༽ ང་ དཔེ་ དེབ་ ལྷ་དོ།
༢༽ པ་སངས་ སློབ་གྲྦ་ནང་ འགྱོ་དེས།
ཡི་གུའི་སྦྱོར་བ
སྔོན་འཇུག་ བ་གི་ རྗེས་འཇུག་ཕོའི་ཡི་གེ ཀ་ཅ་ཏ་ཙ་ལུ་ འབྱུག་ཚོལ། ༼སྦྱོང་ལཱ་དང་པ༽
ཀ༽ བསྐྱེད། བཀོད།
ཅ༽ བཅུག།
ཏ༽ བཏུབ། བཏང་།
ཙ༽ བརྩི།
བསྐྱེད་པའི་སེམས་འདི་ ཆུ་ལས་བསིལན།། བཀོད་པའི་ལས་ལུ་འདྲོག་གོཔ་མེད།།
ཕམ་སྥུན་དམངས་ལུ་བརྩི་ཁོར་ཡོདན་།། མི་དམངས་ཡོངས་ ཀྱི་ ཡིད་ཆེས་བཏུབ།།
ཕུན་སུམ་ཚོགས་བཅུག་བཅི་།། ཟེར་བའི་ཐུགས་སྨོམ་ ཁྱོད་ལུ་འཐོབ།།
སྔོན་འཇུག་གི་ སྦྱོང་ལཱ་གཉིས་པ།
ཡར་གནམ་ལུ་འཕུར་མ་ཚུགས་རུང་ ངེའི་བཞིན་བཟང་།། ངེའི་སེམས་ཀྱི་མཁའ་འགྲོམ་ཁྱོད་ར་ཨིན།།
ས་འཛམ་གླིང་མུན་པ་མ་བསལ་རུང་ངེའི་ཡིད་འོང་།། ངེའི་སེམས་ཀྱི་སྐར་གསལ་ཁྱོད་ར་ཨིན།།
ངེའི་ཁ་ཚིག་བཞགས་ས།། ངེའི་དམ་ཚིག་བསྟེན་ས།།
ངེའི་དབང་མེད་ སེམས་ཀྱི་བདག་པོ་འདི།། ཁྱོད་ར་ཨིན་ ཁྱོད་ར་ཨིན།།
ཁྱོད་ལུ་དགའ་བའི་སེམས་འདི་བཙུགས་པའི་ཤིང་འབདན།། ཞལ་ལག་ལྷའི་ཞིང་ཁམ་ཧོད་སོ་འོང་།།
བཤད་མ་ཚར་ ང་ཁྱོད་ལུ་དགའ་བའི་ཧིང་གཏམ།། བསིལ་བའི་རླུང་མ་ལའདི་ལུ་ཁ་འཐེན་གཏང་གེ་སན།།
རྟོགས་པ་ལྷ་དང་མཉམས་རུང་།། སྤྱོད་པ་མི་དང་མ་བསྟུན་པ།།
དགའ་བའི་ གཏམ་འདི་དུག་ལུ་འགྱོ་དོ།།
ཆོས་སྐད་ལས་ཤན་ཞུགས་ཡོད་པའི་ར་ཁུངས། (Influence of Choke)
རྫོང་ཁའི་ཚིག་ཚུ་ མང་ཆེ་བ་ཅིག་ ཆོས་སྐད་ལས་རྟ་གྲངས་ཏེ་ ང་བཅས་ཀྱི་སྐད་ཡིད་ཅིག་སྦེ་ ཚུད་ཡོདཔ་ཨིན། དེ་ཡང་ སྔོན་བྱོན་རྒྱལ་བ་དགོངས་མ་ཚུ་ མང་ཤོས་ཅིག་རང་ ཐོད་ལུ་ ནང་པའི་ ཆོས་ཐར་ཕྱིན་མཛན་དེ་ ཤུལ་ལས་ང་བཅས་ འབྲིག་་ལུ་ཡང་ནང་པའི་ཚེས་དར་ཆབ་ མཛད་ནང་པའི་ཤུལ་ ང་བཅས་རའི་ སྐད་ཡིད་ནང་ལུ་ཡང་ ཆོས་སྐད་ཀྱི་ ཤན་ཞུགས་སྦོམ་སྦེ་རང་ བྱུང་ཡོདཔ་ཨིན།
དེ་ཡང་ ཆོས་སྐད་གྱི་ཚིག་ཚུ་ ལེ་ཤ་ཅིག་རང་ རྫོང་ཁ་ནང་སྐད་སྒྱར་འབད་ཡོདཔ་མ་ཚད་ ཚིག་དང་ སྒྲ་ཚུ་ གྱངས་ཁ་མེདཔ་ཅིག་ རྫོང་ཁ་ནང་སྒྱར་བ་འབད་ཡོད་ཨིན། དེ་འབདཝ་ལས་ ཆོས་སྐད་ནང་ ར་འདོགས་ཅན་ལུ་ རྫོང་ཁའི་ནང་ ཡ་འདོགས་ཅན་སྦེ་ ལྷག་དགོཔ་ཡོདཔ་ཨིན། དེ་མ་ཚད་ ང་བཅས་ཀྱི་ སྐད་ཡིག་གི་ཚིག་ཚུ་ མང་ཤོས་ཅིག་རང་ཆོས་སྐད་ཀྱི་ཚིག་ ཨིནམ་དང་ འབྲིས་ཐངས་ཀྱི་ལམ་ལུགས་ཚུ་ དབྱེ་བ་མ་འདྲཝ་འབད་ཡོདཔ་ཨིན།
དཔེར་ན
ཆོས་སྐད། རྫོང་ཁ།
༡/ བྲག། བྱག
༢/ བྲེལ། བྱེལ།
༣/ སྤྲ། སྤྱ།
༤/ མགྲོན། མགྱོན།
༥/ ཁྲིད། ཁྱིད།
༦/ སྐྲ། སྐྱ།
༧/ འགྲོ། འགྱོ།
ཡིག་བཟོ་ཡང་ ཆོས་སྐད་ནང་མང་ཆེ་ཤོས་རང་ ཚུགས་ཡིག་སྦེ་ འབྲིས་ཡོདཔ་དང་ རྫོང་ཁའི་ནང་ མགྱོགས་ཡིག་འདི་རང་ ལག་ལེན་འཐབ་ཨིན།།
རྫོང་ཁའི་ཡི་གུ་ལུ་ ལྷོ་ཡིག་ཟེར་ མགྱོགས་ཡིག་དང་ དབུ་ཅན་ཟེར་ ཚུགས་ཡིག་ཟེར་ ལྷམ་པ་མ་འདྲཝ་གཉིས་ཡོད།
༡༽ མགྱོགས་ཡིག་གི་འབྱུང་ཚུལ།
མགྱོགས་ཡིག་འདི་ དུས་རབས་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེ་བུམ་ཐང་སྐུ་རྗེས་ལུ་ བྱོན་ཐངས་གཉིས་པའི་སྐབས་ བུམ་ཐང་གི་རྒྱལཔོ་སིན་དྷུ་ར་ཛའི་ ཕྱག་ཞུ་མི་ ལོ་ཙཱ་བ་ལྡན་མ་རྩེ་མང་གིས་ བརྩམས་གནང་ནུག། དེ་ཡང་ བཀའ་ཐང་གསེར་ཕྲེང་ ལེའུ་བརྒྱད་ཅུ་པའི་ནང་ རྒྱ་ཆོས་བོད་ལུ་སྒྱུརཝ་ད་ ཤོག་ཀུ་མ་ལང་བར་ འབྲུག་ལུ་བྱོན་ ཤོག་ཀུ་ལེན་པའི་ དགའ་ཚོར་འབད་ ལོ་ཙཱ་བ་ལྡན་མ་རྩེ་མང་གིས་ མགྱོགས་ཡིག་འདི་བརྩམས་གནང་ནུག།
༢༽ ཚུགས་ཡིག་གི་འབྱུང་ཚུལ།
སྔོན་མ་ བོད་ལུ་དམ་པའི་ཆོས་ཟེར་མི་འདི་ ཡི་གུའི་གཟུགས་བརྙན་ཙམ་ཅིག་ཡང་མེདཔ་ལས་ བོད་ཀྱི་རྒྱལཔོ་ སྲོང་བཙན་སྒམ་པོ་གི་ བློན་པོ་སམ་བྷོ་ཊ་ རྒྱ་གར་ལུ་ སངྱས་ཀྱི་བསྟན་པ་ རིགས་པའི་གནས་དང་ མདོ་རྒྱུད་ལ་སོགས་པའི་ཆོས་ལྷབ་སྦྱངས་འབད་དེ་ ལོག་བོད་ལུ་ཤོག་ཟེར་བཀའ་གནང་ནུག། རྒྱལཔོ་འདི་གིས་བློན་པོ་ལུ་བཀའ་གནངམ་བཞིན་དུ་ བློན་པོ་སམ་བྷོ་ཊ་འདི་གིས་ཡང་ དང་པ་རང་ ལེགས་སྦྱར་གྱི་དབྱངས་བཅུ་དྲུག་ཡོད་ས་ལས་ ༼ ཨི་ཨུ་ཨེ་ཨོ ༽བཞི་བཞག་སྟེ་བཅུ་གཉིས་བཏོན་གཏང་ནུག། གཉིས་པ་ཟེརརཝ་ད་ ལེགས་སྦྱར་གྱི་གསལ་བྱེད་སུམ་ཅུ་སོ་བཞི་ཡོད་ས་ལས་ ལོག་པའི་ཡི་གུ་ལྔ་ ༼ ཊ་ཋ༌ཌ༌ཎ༌ཥ ༽ དང་མཐུགས་པའི་ཡི་གུ་དྲུག་ ༼ གྷ་ཌྷ་ངྷ་བྷ་ཛྷ་ཀྴ ༽ བཏོན་གཏང་ནུག། ཨིན་རུང་ ལེགས་སྦྱར་གྱི་སྐད་ལས་ རིགས་པ་དུ་ད། ཟེར་བའི་སྒྲ་འདི་གི་དོན་ བོད་སྐད་ལས་འབད་བ་ཅིན་ གཟུགས། ཨོམ། ཨིནམ་ལས་ ཡི་གུ་མ་ལང་པར་ བློན་པོ་ཐབས་རྡུགས་ཏེ་བཞུགས་པའི་བར་ན་ ཧང་ཏོ་མ་མི་དཀརཔོ་ལྕགས་ཀྱི་བགོ་ལ་གྱོན་མི་གཅིག་ཁོ་གི་གདོང་ཁར་བྱོན་མི་ལུ་ བློན་པོ་གིས་ཁྱོད་ག་སྟེ་ལས་འོངམ་ཟེར་དྲིཝ་ད་ མི་དེ་གིས་ཞང་ཞུང་ཟེར་སླབ་ནུག། ག་སྟེ་འགྱོ་ནི་ཟེར་དྲིཝ་ད་ ཟ་འོར་ཟེར་སླབ་ནུག། ག་ཅི་འབད་བར་འགྱོ་ནི་ཟེར་དྲིཝ་ད་ མི་དེ་གིས་ཇ་ཉོ་བར་འགྱོ་ནི་ཟེར་སླབ་ད་ ནམ་ལོག་འོང་ནི་ཟེར་དྲིཝ་ད་ མི་དེ་གིས་ ཅི་ཆ་ཟེར་སླབ་སྟེ་ མི་འདི་དུས་འཕྲོ་ལས་ ག་སྟེ་ཡར་སོངམ་ཨིན་ན་མ་ཤེས་པས། དེ་ལས་ བློན་པོ་གིས་ མི་འདི་གི་ལན་ལུ་བརྟག་དཔྱད་མཛད་དེ་ ཞང་ཞུང་ཟེར་བའི་ཚིག་ལས་ ཡི་གུ་ ༼ ཞ ༽ དང་ ཟ་འོར་ཟེར་བའི་ཚིག་ལས་ཡི་གུ ༼ ཟ་འ ༽ དང་ ཇ་ཉོ་བར་ཟེར་བའི་ཚིག་ལས་ཡི་གུ ༼ ཇ ༽ དང་ ཅི་ཆ་ཟེར་བའི་ཚིག་ལས་ཡི་གུ་ ༼ ཅ་ཆ ༽ ཡི་གུ་དྲུག་ཐོབ་འདི་ གསལ་བྱེད་བསྡོམས་ཉི་ཤུ་རྩ་དགུ་དང་ དབྱངས་བཅུ་དྲུག་ཡོད་ས་ལས་ དབྱངས་དང་པ་ ༼ ཨ ༽ འདི་གསལ་བྱེད་ཀྱི་གྲས་ཁར་བཙུགཔ་ གསལ་བྱེད་སུམ་ཅུ་མཛད་གནང་ནུག།
རྫོང་ཁའི་ཁ་སྐད།
སྐད་རིགས་ཀྱི་དབྱེ་བ།
༡་ སྡེབ་སྦྱོར་ཅན་དང་རིས་མོ་ཅན།
རྫོང་ཁའི་ཁ་སྐད་འདི་ སྐད་རིགས་ཀྱི་དབྱེ་བའི་ནང་ལས་ སྡེབ་སྦྱོར་ཅན་དང་རིས་མོ་ཅན་འབད་གཉིས་ཡོད་ས་ལས་ སྡེབ་སྦྱོར་ཅན་གྱི་འོག་ལུ་ཚུདཔ་ཨིན། དེ་ཡང་རྫོང་ཁ་འདི་ ཡང་དང་གསལ་བྱེད་ཚུ་ལག་ལེན་འཐབ་སྟེ་འབྲི་གསལ་ཡིདཔ་ཨིན། སྡེབ་སྦྱོར་ཅན་གྱི་ཡི་གུ་འདི་ ཕ་ལིིསི་ཐཱན་རྒྱལ་ཁབ་ལས་འཛམ་གླིང་ཤར་ནུབ་བརྒྱུད་དེ་ ནུབ་ཕྱོགས་ཡུ་རོབ་དང་ རྒྱ་གར་གྱི་ཡི་གུ་ཚུ་ སྡེབ་སྦྱོར་ཅན་གྱི་ཡི་གུ་ ཟེར་སླབ་ཨིན། ང་བཅས་རའི་ ཡི་གུ་འདི་ཡང་ རྒྱ་ལས་བོད་ལུ་དར་ བོད་ལས་བརྒྱུད་དེ་ འོངས་འོངསམ་འབད་ནི་འདི་གིས་ སྡེབ་སྦྱོར་ཅན་གྱི་ཡི་གུའི་ གྲངས་སུ་ཚུདཔ་ཨིན། དེ་འབདཝ་ད་ རིས་མོ་ཅན་གྱི་གྲངས་སུ་མི་ཚུད། ག་ཅི་འབད་ཟེར་བ་ཅིན་ རིས་མོ་ཅན་གྱི་ཡི་གུ་འདི་ རི་མོ་ཡང་ན་ པར་མ་འདྲཝ་ཚུ་བྲིས་ཏེ་ ལག་ལེན་འཐབ་མི་ཅིག་ལུ་སླབ་ཨིན།
༢་ གདངས་དབྱངས་ཅན་ཨིནམ་དང་མེནམ།
རྫོང་ཁའི་ཁ་སྐད་འདི་ གདངས་དབྱངས་ཅན་གྱི་ཡི་གུ་ཨིན། དེ་ཡང་བརྗོད་པ་གཅིག་ནང་ སྒྲ་གཉིས་ལུ་དོན་དག་སོ་སོ་འབད་ཡོདཔ་ལས་བརྟེན་ཨིན། དཔེ་འབད་བ་ཅིན་ རྫོང་ཁའི་ཡི་གུ་གསལ་བྱེད་སུམ་བཅུ་འདི་ཚུ་ ཅིག་ཁར་སྦྱར་ཏེ་ཡི་གུ་འབད་བཟོ་སྟེ་སླབ་པའི་སྐབས་སུ་ གསལ་བྱེད་གཅིགཔ་འདི་གིས་ ཁ་ལས་མཐོན་པའི་སྐབས་ སྟེད་སྒྲ་ཡང་ན་སྨད་སྒྲ་འབད་ སླབ་དགོཔ་འབྱུང་དོ་ཡོདཔ་ལས་ གདངས་དབྱངས་ཅན་གྱི་ ནང་སྲས་ཀྱི་དབྱེ་བའི་ནང་ཚུདཔ་ཨིན།
༣་ གསལ་བྱེད་ཅན་ཨིནམ་དང་མེནམ།
རྫོང་ཁའི་ཡི་གུ་འདི་ གསལ་བྱེད་ཅན་གྱི་ཡི་གུ་ཨིན། དེ་ཡང་རྫོང་ཁའི་ཡི་གུ་འདི་ གནས་སྟངས་ག་ཅི་བཟུམ་ཅིག་ནང་ཨིན་རུང་ གསལ་བྱེད་ཚུ་འགྱུར་འགྱོ་ནི་མེདཔ་ལས་ གསལ་བྱེད་ཅན་གྱི་ཡི་གུའི་ནང་སྲས་ནང་ཚུདཔ་ཨིན།
དཔེར་ན། གསལ་བྱེད་ ཀ། འདི་མིང་ཚིག་ག་ཅི་ནང་བཙུགས་ཏེ་འབད་རུང་ གསལ་བྱེད་ཁོ་རང་སྔར་ག་ཨིནམ་སྡོདཔ་མ་རྟོགས་ འགྱུར་གསལ་མེདཔ་ལས་ གསལ་བྱེད་ཅན་གྱི་ཡི་གུའི་དབྱེ་བའི་ནང་ཚུདཔ་ཨིན།
ཛསྤྱི་ལོ་ ༡༩༨༦ ་ལུ་མི་དབང་འབྲུག་རྒྱལ་བཞི་པ་ དཔལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ རྗོང་ཁ་གོང་འཕེལ་གྱི་འཆར་གཞི་དང་ སྲིད་བྱུས་ལམ་སྟོད་ཚུ་བཙམ་ནིའི་དོན་ལུ་ རྗོང་ཁའི་གྲོས་ཚོས་ཚོགས་བཙུགས་དགོ་པའི་བཀའ་རྒྱ་གནང་ནུག། དེ་ལས་སྤི་ལོ་ ༡༩༨༩ ་ལུ་ཤེས་རིག་ལྷན་ཁག་འོག་གི་ རྗོང་ཁ་གོང་འཕེལ་སྡེ་ཚན་དང་ རྗོང་ཁའི་གྲོས་ཚོགས་གཉིས་གཅིག་ཁར་བརྡབས་ཞིནམ་ལས་རྗོང་ཁ་གོང་འཕེལ་ལྷན་ཚོགས་འདི་ རང་སྐྱོང་གི་གཙུག་སྡེ་ཅིག་སྦེ་ གཞི་བཙུགས་མཛད་གནང་ནུག། དེ་ལས་ ལྷན་ཚོགས་འདི་ རྒྱལ་ཁབ་ནང་ལུ་ རྗོང་འཕེལ་དང་ དར་ཁྱབ་གཏང་མིའི་གཙུག་སྡེ་ མཐོ་ཤོས་གཅིག་སྦེ་ གནས་སྟེ་ཡོདཔ་ཨིན།
རྗོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ནང་ལུ་ ཤེས་རིག་ལམ་ལུགས་དང་མི་མང་ཞབས་ཏོག་གིས་མ་ཚད་པར་ སྐད་ཡིག་གནས་ཚད་ཡར་ལཕེལ་དང་ རྒྱ་སྐྱེད་ཀྱི་ཐོག་ལས་ རྗོང་ཁ་དར་ཁྱབ་གཏང་ནའི་འཆར་གཞི་ཚུ་བརྕམས་དོ་ཡོདཔ་ཨིན། འདི་བཟུམ་ཡོངས་གྲགས་ཡོད་པའི་ གློག་རིག་རིམ་ལུགས་ཚུ་ནང་ལུ་ གནས་ཚད་གཞིར་བཞག་གི་ རྒྱབ་སྐྱོར་མཐུན་རྐྱེན་ཚུ་ བཟོ་ནི་ལུ བརྕོན་ཤུགས་བསྐྱེད་དོ་ཡོདཔ་ཨིན།
དཔེར་ན། ཨེམ་ཨེས་ཝུན་དོ། (Ms Window)
ཨེ་པཱལ་ཨོ་ཨེས་ཨེགས། (Apple OSX)
མའི་ཀོ་རོ་སོཕཏི། (Microsoft Office)
ཚིག་མཛོད་དང་ཡིག་གཟུགས་ལམ་སྟོན་པ་ དེ་ལས་ ཤེས་ཡོན་གྱི་ཐོན་ཁུངས་ཚུ་གསར་བསྐྲུན་འབད་ནི།
གནས་ཚན་བཟོ་ནིའི་གཞི། (Process of Standardization)
ཡིག་གསུགས།
བརྡ་སྦྱོར
རྣམ་དབྱེ།
མིང་། ཚིག་ བརྗོད་པའི་ལམ་ལས་ བརྗོད་དོན་གྱི་ཁྱད་པར་ སོ་སོ་སྦེ་དབྱེ་བའི་ཚིག་ལུ་ རྣམ་དབྱེ་ཟེར་སླབ་ཨིན།
དེ་ལུ་དབྱེ་བ། དང་པ་ངོ་བོ་ཙམ་སྟོན་པ། གཉིས་པ་ལས་སུ་བྱ་བ། གསུམ་པ་བྱེད་པ་པོ། བཞི་པ་དགོས་ཅཆེད། ལྔ་པའབྱུང་ཁུངས། དྲུག་པ་འབྲེལ་སྒྲ། བདུན་པ་གནས་གཞི། བརྒྱད་པའབོད་སྒྲ་ ཟེར་ཡོདཔ་ཨིན།
༡༽དང་པ་ངོ་བོ་ཙམ་སྟོན་པ།
ངོ་བོ་ཙམ་སྟོན་པ་ཟེར་མི་འདི་ཅ་ལ་ མིང་ག་ཅི་ར་ཨིན་རུང་འདི་གི་མིང་རྐྱངམ་ཅིག་མ་གཏོགས་ འདི་གི་བྱ་ལས་དང་ཁྱད་ཆོས་ཚུ་ག་ནི་ཡང་མ་སྟོན་མི་ལུ་ སླབ་ཨིན།
དཔེར་ན། རྡོ་རྗེ། སྤ་རོ། རོ་ཁྱི།
༢༽ གནིས་པ་ལས་སུ་བྱ་བ།
བྱ་བའི་ཡུལ་ལུ་ བྱེད་པ་པོ་ཅིག་གིས་ ལཱ་ཅིག་འབད་མི་ཆིག་ཅིག་ལུ་སླབ་ཨིན། འདི་ལུ་ནང་གསེས་ཀྱི་དབྱེ་བ་། ལས་སུ་བྱ་བའི་རྣམ་དབྱེ་དང་ བྱ་ལས་དབྱེར་མེད་ཀྱི་རྣམ་དབྱེ་ཟེར་གཉིས་ཡོད།
ཀ༽ལས་སུ་བྱ་བའི་རྣམ་དབྱེ།
ཕྲད། ན། ར། ལུ། གུ།
དཔེར་ན། ཕྱིུ་ཁར་སོང། ལྟག་ལུ་སྡོད། སྒྲོམ་ནང་ན་བཙུགས། ཤིང་གུ་འཛེག།
ཁ༽བྱ་ལས་དབྱེར་མེད།
དབྱ་བ་དང་ བྱ་བའི་ཡུས་སོ་སོ་འབད་ དབྱེ་བ་ཕྱེད་མ་ཚུགས་མི་ཅིག་ལུ་ སླབ་ཨིན།
ཕྲད། ར། ལུ།
དཔེར་ན། ཤིང་སེར་པོ་གྱུར། ཨོམ་ཆུ་ལུ་གྱུར།
༣༽གསུམ་པ་བྱེད་པ་པོ།
བྱེད་པ་པོ་ཟེར་མི་འདི་ གང་ཟག་དང་ དངོས་པོ་ག་ཅི་ར་ཨིན་རུང་ ལཱ་འབད་བའི་དོན་སྟོན་མི་སླབ་ཨིན།
ཕྲད། ཀྱིས། གྱིས། གིས།
ད། བ། ས། ༔ ཀྱིས།
ག། ང། འ། ༔གིས། མཐའ་མེད།
ན། མ། ར། ལ། ༔ གྱིས།
དེ་ལུ་ནང་གསེས་ཀྱི་དབྱེ་བ་ ༤ ཨོད།
ཀ༽བྱེད་པ་པོ་གཙོ་བོ།
ལཱ་འབད་མི་ བྱེད་པ་པོ་གཙོ་བོ་སྟོན་མི་ལུ་སླབ་ཨིན།
དཔེར་ན། སྟག་གིས་མཆོངས། ཁྱོད་ཀྱིས་འབད་ནུག།
ཁ༽ བྱེད་པ་པོ་ཕེལ་པ།
ལཱ་ཅིག་འབདཝ་ད་ འདི་འབད་མི་ག་ཨིན་ན་ སྟོན་མི་ལུ་སླབ་ཨིན།དཔེར་ན། སྨན་གྱིས་ཕན། ཁབ་ཀྱིས་བཙེམས།
ག༽ རང་བཞིན་གྱི་བྱེད་པ་པོ།
བྱ་བ་ག་ཅིག་ར་ཨིན་རུང་ རང་བཞིན་གྱིས་འབྱུང་མི་ ཅིག་ལུ་སླབ་ཨིན།
དཔེར་ན། གནམ་ག་ར་ ས་སྨུག་གི་གང་སོང་ནུག།
ང༽ རྒྱུ་མཚན་ལུ་འཇུག་པ།
བྱ་བ་འདི་ ག་ཅི་ལས་བསྟོན་སྟེ་འབྱུང་འབྱུངམ་ཨིན་ན་ སྟོན་མི་ལུ་སླབ་ཨིན།
༤༽བཞི་པ་དགོས་ཆེད།
བྱ་བའི་ལཱ་ཅིག་འབདཝ་ད་ ལཱ་འདི་གྱི་ བྱེད་པ་པོ་ལུ་ཕན་ཐོགས་ཡོད་མི་ཅིག་ལུ་ སླབ་ཨིན།
ཕྲད། ར། ལུ། གུ།
དཔེར་ན། དབང་ཞུ་བར་འགྱོ་དེས། སེམས་ཅན་ལུ་སྦྱིན་པ་གཏང་། མིག་ཏེ་གུ་མིག་ཤེལ་བཙུགས།
༥༽ ལྔ་པ་འབྱུང་ཁུངས།
གང་ཟག་དང་དངོས་པོ་ཚུ་ ག་ཏེ་ལས་ འབྱུངམ་ཨིན་ན་སྟོན་མི་ཅིག་ལུ་སླབ་ཨིན།
ཕྲད། ལས།
དེ་ལུ་ནང་གསེས་ཀྱི་དབྱེ་བ་ ༧་ ཡོད།
ཀ༽ འབྱུང་ཁུངས་དངོས།
དཔེར་ན། མེ་ལས་དུ་པ།
ཁ༽ འབྱུང་ཁེངས་ཆ་འདྲ་བ།
དཔེར་ན། ཤིང་ཁ་ལས་བྱ།
ག༽ འབྱུང་ཁུངས་འགྲན་བསྡུར།
དཔེར་ན། སྣུམ་ཏའཁོར་ལས་གནམ་གྲུ་མགྱོགས།
ང༽ འབྲུང་ཁུངས་རྒྱུ་མཚན།
དཔེར་ན། ལཱ་འབདཝ་ལས་གཱ་འཐོབ།
ཅ༽ འབྱུང་ཁུངས་ཡུལ་སྡུད་པ།
དཔེར་ན། སྤུན་ཁ་ལས་སྤ་རོ་ཚུན།
ཆ༽ འབྱུང་ཁུངས་དུས་སྡུད་པ།
དཔེར་ན། ཁ་ཉིནམ་ལས་ད་རིས་ཚུན།
ཇ༽ འབྲུང་ཁུངས་དངོས་པོ་སྡུད་པ།
དཔེར་ན། མགུ་ཏོ་ལས་རྐངམ་ཚུན།
༦༽ དྲུག་པ་འབྲེལ་སྒྲ།
འབྲེལ་སྒྲ་ཟེར་མི་འདི་ མིང་གཉིས་ཀྱི་བར་ན་ འབྲེལ་བ་སྟོན་མི་ལུ་སླབ་ཨིན།
ཕྲད། ཀྱི། གི། གྱི། འི། ཡི། ལྔ་ཡོད།
ད། བ། ས། ༔ ཀྱི།
ག། ང། མཐའ་མེད། ༔ གི།
ན། མ། ར། ༔ གྱི། འ་དང་མཐའ་མེད་ཀྱི་རྗེས་སུ་ འི་དང་ ཚིག་ཁ་སྐོང་དགོཔ་དང་ཡི་འཐོབཔ་ཨིན།
འབྲེལ་སྒྲ་ུལ་དབྱེ་བ་ ༦་ ཨོད།
ཀ༽ ངོ་བོ་བདག་གཅིག།
དཔེར་ན། རག་གི་ཏིང།
ཁ༽ དེ་ལས་དེ་འབྱུང་།
དཔེར་ན། དཔོན་གྱི་གསོལ་ར།
ག༽ རྟེན་དང་བརྟེན་པ།
དཔེར་ན། ཐབ་ཀྱི་མེ།
ང༽ ཡན་ལག་དང་ཡན་ལག་ཅན།
དཔེར་ན། བྱང་ཆུབ་སེམས་དཔའ་གི་ཕྱག།
ཅ༽ ཁྱད་གཞི་དང་ཁྱད་ཆོས།
དཔེར་ན། ཆོས་ཀྱི་བླིན་རླབས།
ཆ༽ ནོར་དང་བདག་པོ།
དཔེར་ན། ཁོ་གི་རྒྱུ་ནོར། མོའི་རྒྱན་ཆ། ཕོ་ཡི་གྱོན་ཆས།
མིང་མཐའ། པ། པོ། མ། མོ། ཝ་ ཚུ འབྲེལ་སྒྲའི་ཕྲད་ གི་ སྦྱར་དགོཔ་ཨིན།
བདུན་པ་གནས་གཞི།
གནས་གཞི་ཟེར་མི་འདི་ གང་ཟག དངོས་པོ་ག་ཅི་ར་འབད་རུང་ ཡུལ་དང་དུས་ཀྱི་གཞི་གཅིག་ལུ་ གནས་ཏེ་ཡོད་པའི་དོན་སྟོན་པའི་ ཚིག་ཅིག་ལུ་སླབཔ་ཨིན། དེ་ལུ་ ནང་གསེས་ཀྱི་དབྱེ་བ། ཡུལ་གྱི་ གཞི་ལ་གནས་པར་སྟོན་པའི་གནས་གཞི་དང་ དུས་ཀྱི་གཞི་ལ་ གནས་པར་སྟོན་པའི་ དུས་ཀྱི་གནས་གཞི་དང་གཉིས་ཡོད། ཡུལ་གྱི་ གནས་གཞི་ལུ་ ཕྲད་ ན། ར། ལུ། གུ་བཞི་དང་ དུས་ཀྱི་གནས་ གཞི་ལུ་ ན། ར། ལུ་གསུམ་འཇུགཔ་ཨིན། དཔེར་ན།
ཕྲད།
དཔེར་བརྗོད།
ན། | ལྷ་ཁང་ནང་ན་སྐུ་ཡོད།
ར། གྱང་གི་རྩ་བར་ཀླུ་ཁང་ཡོད།
འཇུག་ཚུལ།
ཡུལ་གྱི་གནས་གཞི།
ཡུལ་གྱི་གནས་གཞི།
ལུ། |
ཐིམ་ཕུག་ལུ་མི་སྣ་ཚོགས་ | ཡོད།
ཡུལ་གྱི་གནས་གཞི།
གུ།
ཤིང་གུ་བྱ་ཆགས་ནུག
ན། མོ་མ་ལྷོད་བར་ན་བསྒུག་ གནང་།
ཡུལ་གྱི་གནས་གཞི།
དུས་ཀྱི་གནས་གཞི།
ར། |
གནམ་སོ་ཁར་ཤིང་གི་འདབ་ | མ་བུད་འོང་།
དུས་ཀྱི་གནས་གཞི།
ལུ། |
ཚེས་བཅོ་ལྔ་ལུ་དཀར་མེ་ཕུལ། |
དུས་ཀྱི་གནས་གཞི།
༨༽བརྒྱད་་པ བོད་སྒྲ།
བོད་སྒྲ་ཟེར་མི་འདི་ གང་ཟག་མཆོད་དམན་འབྲིན་གསུམ་ག་ར་ འབོ་རུང་ མིང་གི་ཐོག་མཐའ་དང་ ཚིག་གི་ཐོག་མཐའ་བར་གསུམ་ལུ་ སྦྱར་བའི་ཚིག་ལུ་སླབ་ཨིན།
འདི་ལུ་དབྱེ་བ་གཉིས་ཡོད། དེ་ཡང:
༡) གང་ཟག་ལུ་ཐོབ་པའི་ བོད་སྒྲ།
༢) ལས་ཚིག་ལུ་ཐོབ་པའི་ བོད་སྒྲ།
ཕྲད :
གང་ཟག་གི་བོད་སྒྲ : ཀྱེ། དབའི། ཨའུ། ཁོ་རེ།
སེམས་ཚོར་སྟོནཔའི་སྒྲ: སྤ། སྤའོ། ཨའོ། ཨ་ཁའི། ཨ་ ཁ། ཕུའི། ཨའེ། ཛའི།
དཔེ: དབའི། ཁྱོད་ག་ཅི་འབདཝ།
ཁོ་རེ། དེ་སྦེ་ར་འདི་མི་བཏུབཔ་འོང།
སྤ། ལེགས་མི་ལགས།
ཨ་ཁ། བརྗེད་ར་བརྗེད་སོ་ནུག།
འཕྲུལ་རིག་གིས་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཤེས་རིག་བསྐྱར་གསོ་འབད་དོ་ཡོདཔ་བཞིན་དུ་ འབྲུག་གིས་ རང་སོའི་ཤེས་རིག་ལམ་ལུགས་ སྒྲིང་སྒྲིང་བཟོ་ནིའི་ འོས་འབབ་ཚུ་ གྲུབ་ནི་ འགོ་བཙུགས་དོ་ཡོདཔ་ཨིན་པས། འབྲུག་ལུ་ གཙོ་རིམ་ཅན་གྱི་ བརྩི་མཐོང་དང་ ལམ་སྲོལ་ དེ་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཚུ་ ཡུན་རིངམོ་སྦེ་ ཡོདཔ་ཨིན་རུང་ དྲྭ་ཐོག་དུས་རབས་འདི་གིས་ སློབ་ཁང་ཚུ་ནང་ དེང་སང་གི་ ལག་ཆས་ཚུ་ ལེགས་ཤོམ་སྦེ་ མཉམ་སྡེབ་འབད་དགོཔ་སྦེ་ ཞུ་བ་འབདཝ་ཨིན་པས། འབྲུག་པའི་ཤེས་རིག་ནང་ འཕྲུལ་རིག་ཚུ་ བཙུགས་ནི་འདི་ ལྷབ་སྦྱང་གི་གོ་སྐབས་ ཡར་དྲག་གཏང་ནི་དང་ སློབ་སྟོན་གྱི་ སྤུས་ཚད་ཡར་དྲག་གཏང་ནི་ ལམ་སྲོལ་ཚུ་ དྲག་ཤོས་སྦེ་ ཉམས་སྲུང་འབད་ནི་ དེ་ལས་ སློབ་ཕྲུག་ཚུ་ དེང་སང་གི་འཛམ་གླིང་ནང་ གྲ་སྒྲིག་འབད་ནི་ལུ་ གལ་ཆེ་ཤོས་ཅིག་ཨིན། འདི་གཅིག་སྒྲིལ་འདི་མེད་པ་ཅིན་ འབྲུག་གིས་ མ་འོངས་པ་ལུ་ དྲྭ་འཕྲིན་གྱི་མ་འོངས་པའི་གནས་སྟངས་ནང་ རྒྱབ་ལས་མར་འབབ་འགྱོ་ནི་གི་ཉེན་ཁ་ཡོདཔ་ཨིན།
འབྲུག་པའི་ཤེས་རིག་ནང་ མཉམ་སྡེབ་འབད་དགོ་པའི་ གནད་ཁུངས་ཆེ་ཤོས་ཅིག་ དམིགས་བསལ་དུ་ གྲོང་གསེབ་དང་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ འཛུལ་སྤྱོད་ཡར་དྲག་གཏང་ནི་དེ་ཨིན་པས། སློབ་ཕྲུག་མང་ཤོས་ཅིག་རང་ རང་ལུགས་ཀྱི་སློབ་གྲྭ་ཚུ་ དཀོན་དྲགས་སྦེ་ཡོད་སའི་ ལུང་ཕྱོགས་ནང་ ལྷོད་མ་ཚུགས་པའི་ ལུང་ཕྱོགས་ནང་ སྡོད་དོ་ཡོདཔ་ཨིན་པས། ཡོངས་འབྲེལ་ཐོག་ལས་ སློབ་ཚན་དང་ དྲི་ཇི་ཊལ་ལྷབ་སྦྱང་གི་ རྒྱུ་ཆ་ དེ་ལས་ ཡོངས་འབྲེལ་མཐུད་ལམ་རྒྱ་སྐྱེད་བཏང་ཐོག་ལས་ སློབ་ཕྲུག་ཚུ་གིས་ ད་རེས་ ཁྱིམ་ནང་ ཡང་ན་ ས་གནས་ཀྱི་ལྟེ་བ་ཚུ་ནང་ལས་ ཐག་རིང་སར་ འགྲུལ་སྐྱོད་འབད་མ་དགོ་པར་ ལྷབ་སྦྱང་འབད་ཚུགས། དེ་འབདཝ་ད་ གདོང་ལེན་ཚུ་ འཕྲོ་མཐུད་དེ་རང་ཡོདཔ་ཨིན། སྤྱི་ལོ་༢༠༢༤ འགོ་བཙུགས་ཁམས་ཅིག་ཁར་ འབྲུག་གི་སློབ་གྲྭ་བརྒྱ་ཆ་༣༥.༢ དེ་ཅིག་ལུ་ ཡོངས་འབྲེལ་གྱི་མཐུད་འབྲེལ་མེདཔ་ལས་ ཌི་ཇི་ཊཱལ་ལྷབ་སྦྱང་གི་ ལས་རིམ་ཚུ་ ཆ་ཚང་སྦེ་ ལག་ལེན་འཐབ་ནི་ལུ་ ཐོ་ཕོག་ཡོདཔ་ཨིན་པས། འདི་ཡང་ ཀོ་བིཌ་-༡༩ གི་ནད་ཡམས་ཀྱི་སྐབས་ལུ་ དམིགས་བསལ་གྱིས་ ཐག་རིང་ས་ལས་ སློབ་ཕྲུག་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ ཤེས་ཡོན་ཐོབ་ནི་ལུ་ དཀའ་ངལ་བྱུང་ཡོདཔ་ད་ དེ་ཡང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚད་འཛིན་འབད་དེ་ཡོད་མི་ལུ་བརྟེན་ཨིན་པས། འདི་བཟུམ་གྱི་ཁྱད་པར་ཚུ་ བསལ་ཐབས་ལུ་ གཞུང་གིས་ འཆར་གཞི་༡༣ པའི་ནང་ སློབ་གྲྭ་ཚུ་ནང་ བརྡ་དོན་འཕྲུལ་རིག་གི་ གཞི་རྟེན་མཐུན་རྐྱེན་ཚུ་ ཡར་དྲག་གཏང་ནིའི་དོན་ལུ་ མ་དངུལ་སྦོམ་སྦེ་ར་ བགོ་བཀྲམ་འབད་དེ་ ཁྲོམ་སྡེ་དང་ གྲོང་གསེབ་ཤེས་ཡོན་གྱི་བར་ན་ ཁྱད་པར་བསལ་ཐབས་ལུ་ དམིགས་གཏད་བསྐྱེདཔ་ཨིན་པས།
འཕྲུལ་རིག་གིས་ ཤེས་ཡོན་གྱི་སྤུས་ཚད་ཡང་ ཡར་དྲག་གཏང་ནི་དང་ འབྲེལ་གཏོགས་དང་ ཕན་ནུས་ཅན་སྦེ་ ལྷབ་ཚུགསཔ་བཟོ་ནི། ཕན་ཚུན་འབྲེལ་བའི་བརྙན་འཕྲིན་དང་ ཤེས་རིག་མཉེན་ཆས་ དེ་ལས་ ཡོངས་འབྲེལ་ཐོག་གི་བརྟག་ཞིབ་ཚུ་གིས་ སློབ་ཕྲུག་ཚུ་གིས་ མགུ་རྙོག་དྲགས་ཀྱི་ཆོས་ཚན་ཚུ་ ལེགས་ཤོམ་སྦེ་ཧ་གོ་ཚུགས། དེ་དང་གཅིག་ཁར་ སློབ་དཔོན་ཚུ་གིས་ ཌི་ཇི་ཊཱལ་ཐོན་ཁུངས་དང་ སྦྱོང་བརྡར་ལས་རིམ་ཚུ་ལས་ ཕན་ཐོགས་འབྱུང་སྟེ་ རིག་རྩལ་ཡར་དྲག་གཏང་ནི་ལུ་ ཕན་ཐོགས་ཡོདཔ་ཨིན་པས། དཔེར་ན་ སློབ་དཔོན་༥༠༠༠ ལྷགཔ་ཅིག་གིས་ ཌི་ཇི་ཊལ་སློབ་དཔོན་སློབ་ཚན་འདི་ མཇུག་བསྡུ་ཡོདཔ་ལས་ འཕྲུལ་རིག་ལག་ལེན་འཐབ་སྟེ་ ལྷབ་སྦྱང་གི་ཉམས་མྱོང་ངོ་མ་དང་ འབྲེལ་གཏོགས་འབད་ཚུགས་པའི་ གོ་སྐབས་བྱིན་ཡོདཔ་ཨིན། ༉ ཐིམ་ཕུག་ལུ་ཡོད་པའི་ རིན་ཆེན་ཀུའེན་ཕེན་སློབ་གྲྭ་ཆུང་བའི་ སློབ་གྲྭ་ཚུ་གིས་ ངལ་གསོའི་སྐབས་ལུ་ཡང་ སློབ་ཕྲུག་ཚུ་ འབྲེལ་གཏོགས་ཡར་སེང་འབད་ནིའི་དོན་ལུ་ ཕིལིཔ་སློབ་ཁང་དང་ མེན་དུས་ཚོད་ཊར་བཟུམ་གྱི་ ལག་ཆས་ཚུ་ ཆ་འཇོག་འབད་ཡོདཔ་ཨིན་པས། འ་ནི་གོང་འཕེལ་འདི་གིས་ གཟུགས་ཀྱི་ཐོན་ཁུངས་ཚད་འཛིན་འབད་དེ་ཡོད་རུང་ སློབ་ཁང་གི་མཐའ་འཁོར་གནས་སྟངས་ལུ་ ཕན་ཐོགས་དོ་ཡོདཔ་ཨིན།
ད་རུང་ འཕྲུལ་རིག་གིས་ འབྲུག་གི་ལམ་སྲོལ་དང་ བརྩི་མཐོང་ཚུ་ ཉམས་སྲུང་དང་ ཡར་དྲག་གཏང་ནི་ལུ་ ཁག་ཆེ་བའི་ འགན་ཁུར་འབག་ཚུགས། སྔོན་ལུགས་ཀྱི་ཡིག་ཆ་དང་ ས་གནས་ཀྱི་སྒྲུང་ དེ་ལས་ སྔར་སྲོལ་གྱི་ཤེས་ཡོན་ཚུ་ ཨང་གྲངས་བཟོ་སྟེ་ མི་རབས་གཞོནམ་ཚུ་ལུ་ ཐོབ་ཚུགས། ལོ་ཌེན་གཞི་ཚོགས་ཀྱིས་ ཡིག་ཆ་ཚུ་ ཨང་གནས་ཅན་བཟོ་ནི་བཟུམ་གྱི་ ལས་རིམ་ཚུ་ཡང་ འབྲུག་གི་ལམ་སྲོལ་གྱི་ སྲོལ་ཁྱུན་ཉམས་སྲུང་འབད་ནི་དང་ མཁས་པ་དང་ སློབ་ཕྲུག་ཚུ་ལུ་ འཐོབ་ཚུགསཔ་བཟོ་ནི་ཚུ་ཨིན་པས། ད་རུང་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་མི་ ཨེན་ཨེཕ་ཊི་ཧ་ཀ་ཐོན་བཟུམ་གྱི་ ལས་རིམ་ཚུ་གིས་ དུས་རབས་༡༨ པའི་ ཞབས་དྲུང་ཕུ་ཡན་སུག་པ་ཐང་ཀ་བཟུམ་མའི་ ལམ་སྲོལ་གྱི་ ཅ་རྙིང་ཚུ་ ཊོ་ཀེནཊ་ལུ་ གཙོ་བོར་བསྟེནམ་ཨིན་པས། དེང་སང་གི་ སྐྱེལ་འདྲེན་གྱི་ ཐབས་ལམ་དང་ ལམ་སྲོལ་གྱི་ ནང་དོན་ཚུ་ མཉམ་སྡེབ་འབད་དེ་ འབྲུག་རྒྱལ་ཁབ་ཀྱིས་ རང་ལུགས་ཚུ་ ཉམས་སྲུང་འབད་ཚུགསཔ་མ་ཚད་ གསར་གཏོད་དང་ འཐོབ་ཚུགས་པའི་ ཐབས་ལམ་ཚུ་ བརྩམ་ཚུགས་ནི་ཨིན་པས།
མཇུག་ར་ འཕྲུལ་རིག་དེ་ འབྲུག་པའི་རིན་ཐང་ལུ་ ཉེན་ཁ་མེན་པར་ ཤེས་ཡོན་གོང་འཕེལ་གཏང་ནི་ལུ་ དགོས་མཁོ་བའི་ མཉམ་འབྲེལ་པ་ཅིག་ཨིན་པས། འདི་གིས་ འཛུལ་སྤྱོད་ཡར་དྲག་གཏང་ནི་དང་ སྤུས་ཚད་ཡར་དྲག་གཏང་ནི་ ལམ་སྲོལ་ཉམས་སྲུང་ལུ་རྒྱབ་སྐྱོར་འབད་ནི་ དེ་ལས་ སློབ་ཕྲུག་ཚུ་ལུ་ མ་འོངས་པའི་དོན་ལུ་ མཁོ་སྒྲུབ་འབདཝ་ཨིན། འཕྲུལ་རིག་ཐོག་ལས་ འཐམ་ཐོག་ལས་ འབྲུག་རྒྱལ་ཁབ་ཀྱིས་ རང་ལུགས་ལུ་གུས་ཞབས་འབད་མི་ ཤེས་རིག་ལམ་ལུགས་ཅིག་ བཟོ་ཚུགས་ནི་ཨིནམ་ད་ དེ་ཡང་ ན་གཞོན་ཚུ་གི་ ན་གཞོན་ཚུ་ མགྱོགས་དྲགས་སྦེ་ འགྱུར་བ་འགྱོ་བའི་འཛམ་གླིང་ནང་ གྲ་སྒྲིག་འབད་དེ་ བཟོ་ཚུགས་ནི་ཨིན་པས། འཕྲོ་མཐུད་དེ་ དྲི་ཇི་ཊལ་གཞི་རྟེན་དང་ སློབ་དཔོན་སྦྱོང་བརྡར་ནང་ མ་རྩ་གཞི་བཙུགས་འབད་ནི་དེ་ གལ་ཆེ་ཤོས་ཅིག་ཨིནམ་ལས་ འབྲུག་པའི་སློབ་ཕྲུག་ག་ར་ལུ་ ས་གནས་ག་ཅི་ནང་འབད་རུང་ འཕྲུལ་རིག་གིས་ བྱིན་མི་ གོ་སྐབས་ཚུ་ འཐོབ་ཚུགས་ནི་ཨིན་པས།
rinzin, Y. C. (༢༠༢༡) གྲོང་གསེབ་ཀྱི་སློབ་ཕྲུག་ཚུ་ དྲི་ཇི་ཊལ་བགོ་བཤའ་བརྒྱུད་དེ་ འགྱོཝ་ཨིན། Kuensel Online. གྲོང་གསེབ་ཀྱི་སློབ་ཕྲུག་ཚུ་གིས་ ཌི་ཇི་ཊལ་དབྱེ་བ/
༢ ཀུ་ཨེན་སེལ་དྲ་ཐོག་། (༢༠༢༤). ལམ་སྲོལ་གྱི་སྲོལ་ཁྱུན་འདི་ ཉམས་སྲུང་འབད་ནིའི་དོན་ལུ་ ཨེན་ཨེཕ་ཊི་ཧེཀ་ཐོན་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན། https://kuenselonline.com/to-finerfe-ལམ་སྲོལ་གྱི་རིགས་བརྒྱུད་དང་ nft-hackathon-sing-wiend /
༣ ཀུ་ཨེན་སེལ་དྲ་ཐོག་། (༢༠༢༤). གྲོང་གསེབ་སློབ་གྲྭ་ཚུ་གིས་ གཞི་རྟེན་མཐུན་རྐྱེན་གྱི་ གདོང་ལེན་ཚུ་ནང་ བརྡ་དོན་འཕྲུལ་རིག་གི་ སློབ་ཚན་ཚུ་དང་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས། གྲོང་གསེབ་ཀྱི་སློབ་གྲྭ།- ཡིག་རྒྱུགས་དང་གཞི་རྩའི་གཞི་རྩའི་གཞི་རྩ།-གདོང་ལེན/
༤ ཌི་མ་པི་ (༢༠༢༣)། སློབ་དཔོན་༥༠༠༠ ལྷག་ཙམ་གྱིས་ ཌི་ཇི་ཊལ་སློབ་དཔོན་སློབ་ཚན་མཇུག་བསྡུ་ཡོདཔ། འབྲུག་བརྒྱུད་འཕྲིན་ལས་ཁུངས། ༥༠༠༠ གི་སློབ་དཔོན་ཚུ་གིས་ ཌི་ཇི་ཊལ་སློབ་དཔོན་གྱི་སློབ་ཚན་/ མཇུག་བསྡུ།
༥ ཌེ་ཀི་ ཊི་ (༢༠༢༢). ཉམས་སྲུང་དང་ འཛུལ་སྤྱོད་ཡར་དྲག་གཏང་ནི་ལུ་ ཡིག་ཆ་ཚུ་ ཌི་ཇི་ཊལ་བཟོ་ནི། འབྲུག་བརྒྱུད་འཕྲིན་ལས་ཁུངས། དཀའ་ངལ།-bt/degitising-grets-- ཡར་འཕེལ་དང་ཉམས་སྲུང་ཆོག་པའི་ཡིག་ཆ/།
རགས་ཅུག་མེད་པ་དང་རགས་ཅུག་ཡོད་འདི་ཕྱག་དབང་བཅར་ཐངས།
https://drive.google.com/file/d/1RBlcmQ39_nqfUbFR_MYT2l-4eUP1cfiE/view?usp=sharing
ལྟ་བཤལ་སྙན་ཞུ།
སྤྱི་ཚེས་ ༡༡/༠༥/༢༠༢༥ ལུ།
ལས་རིམ་འགོ་འཛིན་མཆོག་ལུ།
བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ།
བསམ་རྩེ།
རྩ་དོན། ལྟ་སྐོར་སྙན་ཞུ།
བརྡ་དོན་འཕྲུལ་རིག་སྦྱང་མི་ སྡེ་ཚན་ག་སྡེ་ཚུ་ ཚེས་ ༠༦/༠༥/༢༠༢༥ ཅན་མ་ནང་ བུམ་ཐང་ ཆུ་སྨད་རྒད་འོག་ལུ་ཡོད་པའི་ བུ་ལི་ལྷ་ཁང་མཇལ་བ་འགྱོ་ནི་ བཅའ་སྒྲིག་རྐྱབ་ཅིག། འདི་གི་དྲོ་པ་བཞེས་སྒོ་ཟ་ཞིནམ་ལས་ དྲོ་པ་ཆུ་ཚོད་ ༨ ལུ་ བསམ་རྩེ་མཐོ་རིམསློབ་གྲྭ་གི་བཱསི་ནང་འཛུལ་ཏེ་ ལམ་འགྲུལ་འགོ་བཙུགས་ཅིག། ཉིན་མའི་ཆུ་ཚོད་ ༡༢ དེ་ཅིག་ལུ་ ང་བཅས་ཝཱང་ཁ་ལུ་ལྷོད་དེ་ དེ་ཁར་ལུ་ ཉིན་མའི་བཞེས་སྒོ་ཟ་ཡི། ཉིན་མའི་ཆུ་ཚོད་ ༤ དེ་ཅིག་ལུ་ ང་བཅས་ ཐིམ་ཕུག་ལུ་ལྷོད་ཅིག། དེ་གི་ཕྱི་རུ་ བཞེས་སྒོ་ཟ་ཚརཝ་ཅིག་ དྲོ་པ་ཧ་སག་བུམ་ཐང་འགྱོ་ནི་ཨིནམ་ལས་ ཕྱི་རུ་ཧ་སག་ཉལ་ཡི།
སྤྱི་ཟླ་༥ པའི་ཚེས་༨ གྱི་དྲོ་པ་ ང་བཅས་དྲོ་པ་ཧ་སག་སྦེ་ བཞེས་སྒོ་ཟ་ཞིནམ་ལས་ དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ བུམ་ཐང་འགྱོ་ནི་འགོ་བཙུགས་ཡི། ཉི་མའི་ཆུ་ཚོད་ ༤ ལུ་ བུམ་ཐང་ལྷོད་པའི་བསྒང་ ང་བཅས་རའི་སློབ་ཁང་གི་ཆ་རོགས་ ཀུན་དགའཡི་འབཟའ་ཚང་གིས་ ཁོང་གི་ཁྱིམ་ནང་འབོ་ཡི། དེ་ཁར་ ང་བཅས་ཕྱི་རུ་ལྟོ་ཡང་ བུམ་ཐང་ལུ་ རང་ལུགས་ཀྱི་བཞེས་སྒོ་ཅིག་ཨིན་མི་ ཁུ་ལི་ཟ་ཡི།
འདི་གི་ནངས་པ་དྲོ་པ་ ཀུན་དགའ་གི་ཁྱིམ་ནང་ལས་རྐང་སྟོང་འབད་ དུས་ཡོན་སྐར་མ་ ༡༠ འགྱོཝ་ད་ བུ་ལི་ལྷ་ཁང་ནང་ཧོད་ཅིག། དགོན་པ་འདི་ ཡུ་ཏོ་ལ་ལམ་ལས་ ཆུ་སྨད་ལུང་གཤོངས་ནང་ མར་འབབ་སྟེ་འོང་པའི་སྐབས་ ལམ་གྱི་གཡོན་ཁ་ཐུག་ལུ་ སྤོ་ཏོ་ཅིག་གུ་ གཡུས་ཚན་ཚུ་གྱིས་བསྐོར་ཏེ་མཐོང་ཚུགས་པས།
ཤིང་གི་ལཱ་མགུ་རྙོག་དྲགས་ ལྷ་ཁང་འདི་ནང་ལུ་ སྒོ་སྒྲིག་གི་གཞི་ཁྲམ་དང་ ཀཝ་ཚུ་རྩིས་ཏེ་ ཤིང་གི་ཆ་ཤས་ཚུ་ ལེགས་ཤོམ་སྦེ་བཟོ་སྟེ་ཡོདཔ་དང་ འཕྲལ་འཕྲལ་སྐབས་ ཚོས་གཞི་འོད་མདངས་ཅན་དང་ རྟགས་མཚན་གྱི་བཀོད་རིས་ཚུ་ ཚོས་གཞི་བཀོད་དེ་འདུག། དཀར་ཆག་དང་རི་མོ། ནང་ན་གི་གྱང་ཚུ་ ནང་པའི་ལྷ་ཚུ་གི་དཀར་ཆག་དང་ གུ་རུ་རིན་པོ་ཆེ་གི་ལོ་རྒྱུས་ དེ་ལས་ ཆོས་ཀྱི་རྟགས་མཚན་ཚུ་ རང་བཞིན་གྱི་ཚོས་གཞི་ལག་ལེན་འཐབ་སྟེ་ ཚོས་གཞི་ཕྱུགཔོ་དང་ འཚོ་བའི་ཚོས་གཞི་ཚུ་ མཛེས་རྒྱན་བཏགས་ཏེ་མཐོང་ཚུགས་པས། རྩ་ཆེ་བའི་སྐུ་འདྲ་དང་ མཆོད་རྟེན་གཙོ་བོ་ནང་ གུ་རུ་རིན་པོ་ཆེ་གི་སྐུ་འདྲ་དང་ གཞན་མི་སྲུང་སྐྱོབ་ལྷ་དང་ ཆོས་ཀྱི་སྐུ་འདྲ་ཚུ་ བཞག་སྟེ་ཡོདཔ་ཨིན་པས། དེ་མ་ཚད་ ལྷ་ཁང་འདི་ནང་ལུ་ སྔོན་གྱི་ཆོས་ཀྱི་ཤུལ་དང་ གཏེར་སྟོན་རྡོ་རྗེ་གླིང་པ་གིས་ གསལ་སྟོན་འབད་མི་ གསུང་རབ་ཚུ་ཡང་ བདག་འཛིན་འཐབ་སྟེ་འདུག།
འདི་གི་ནངས་པ་ སེམས་འཁྲུལ་སི་སི་འབད་ལམ་འགྲུལ་འབད་ནི་འགོ་བཙུགས་ཡི། ལམ་འགྲུལ་ ཉིནམ་ ༢ དེ་ཅིག་འབད་བའི་ཐ་མར་ བསམ་རྩེ་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལོག་ཧོད་ཅིག། གནམ་ལོ་ ༢༠༢༥ སྤྱི་ཟླ་ ༥ པའི་ཚེས་ ༡༡ ལུ་ཕུལ།
(རྣམ་རྒྱལ་བསོད་ནམས་དཔལམོ།)
སློབ་ཁང་ཡོངས་དཔོན།
༉ ད་ལན་ རང་ལུགས་གནམ་ལོ་ ཤིང་མོ་སྦྲུལ་ལོ་ རང་ཟླ་༣ པའི་ ཚེས་༢༠ འམ་ སྤྱི་ཟླ་༥ པའི་ སྤྱི་ཚེས་༡༧ ལུ་ བསམ་ལྗོངས་ཆ་འདུས་ དམར་ཚ་ལ་རྒེད་འོག་ གཡུས་དབང་ཕུག་ལས་ ངོམ་བསོད་ནམས་དབང་ཕྱུག་ ངོ་སྤྲོད་ལག་འཁྱེར་ཨང་༡༡༡༠༡༠༠༢༠༢༥ ཅན་མ་འཆང་མི་གིས་ བཀྲིས་སྒང་རྫོང་ཁག་ སྦི་གདུང་རྒེད་འོག་ གཡུས་ས་གླིང་ལས་ ངོམ་ཀརྨ་སྒྲོལ་མ་ ངོ་སྤྲོད་ལག་འཁྱེར་ཨང་༡༡༡༠༡༠༠༠༣༩༢ཅན་མ་འཆང་མི་ལས་ དངུལ་ཀྲམ་ ༣༠༠,༠༠༠/- (འབུམ་གསུམ) ཟླ་ངོ་གསུམ་གི་རིང་ལུ་ ཟླ་རིམ་ལུ་སྐྱེད་རྒྱ་ཆ་ལས་༥ རེ་སྦེ་ལེན་ཡོདཔ་ཨིན།
ཟླ་ངོ་གསུམ་གི་རྒྱབ་ལས་ ངོཝ་༣༠༠,༠༠༠/- (འབུམ་གསུམ) གུ་ ཟླ་ངོ་གསུམ་གྱི་སྐྱེད་རྩིས་ཏེ་ ཡོགས་བསྡོམས་ དངུལ་ཀྲམ་༣༣༠,༠༠༠/- (འབུམ་གསུམ་དང་སྟོང་ཕྲག་སུམ་ཅུ) སྤྱི་ཟླ་༩ པའི་སྤྱི་ཚེས་༢༠ ལུ་ ཚངམ་སྦེ་སྤྲོད་དགོཔ་ཨིན། ག་དེམ་ཅིག་སྦེ་ གོང་གི་བཀོད་ཡོད་པའི་ ཁ་ཚིག་ལས་ རྒྱབ་འགལ་རེ་འབྱུང་སྲིད་ན འབའ་ཉེས་ཁྲིམས་ཚུ་ དཔལ་ལྡན་འབྲུག་པའི་ ཁྲིམས་ལུགས་ལྟར་དུ་ཕྱག་ཕྱིད་ཞུ་ནི་གན་འཛིན་བཟོ་བའོ།
སྐྱིན་འགྲུལ་བྱིན་མི་ ཀརྨ་སྒྲོལ་མ་གིས་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྐྱིན་འགྲུལ་བྱིན་མི་རྒྱབ་མི་ ཕུན་ཚོགས་ཀྱི་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྐྱིན་འགྲུལ་ལེན་མིའི་ བསོད་ནམས་དབང་ཕྱུག་གི་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྐྱིན་འགྲུལ་ལེན་མི་རྒྱབ་མི་ པདྨ་གི་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྤྱི་རུབ་ཀྱི་དཔང་པོ་ རྡོ་རྗེ་གི་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྒྱལ་ཁམས་ས་གཏེར་ལས་འཛིན་ཚད་ཀྱིས་ ཐད་ཀར་གནས་རིམ་ནང་ འཛུལ་ཞུགས་འབད་ནིའི་གོ་སྐབས་ཡོདཔ་ཨིན། སྤྲོ་བ་ཡོད་མི་ འབྲུག་པའི་མི་ཁུངས་ཚུ་གིས་ སྤྱི་ལོ་༢༠༢༥ ཟླ་༥ པའི་ཚེས་༢༥ གྱི་ཧེ་མ་ ལཱ་གཡོག་གི་དོན་ལུ་ ཞུ་ཡིག་བཙུགས་ཚུགས།
ཨང། གོ་གནས། ས་སྟོང། ཤེས་ཚད། ལཱ་གི་ཉམས་མྱོང།
༡་ གཅིག་མཐུན་མདོ་ཆེན། ༡ ཉུང་མཐའ་ མི་སྟོབས་འཛིན་སྐྱོང་ནང་ ལོ་༡༠དགོ།
མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི།
འདི་གི་དོན་ལུ་ཁག་ཆེ་བའི་ཡིག་ཆ་ འོག་ལུ་བཀོད་འདི་ཡོད་མི་ཚུ་ མ་འཛལ་བར་སྤྲོད་གནང།
· གཙུག་ལག་མཐོ་རིམ་ཤེས་ཚད་ལག་ཁྱེར།
· ཤེས་ཡོན་ཡིག་ཆ : མཐོ་རིམ་ཤེས་ཚད་འོག་མའི་ ཤེས་ཡོན་ཡིག་ཆ།སློབ་རིམ་༡༢པའི་ཤེས་ཡོན་ཡིག་ཆ།སློབ་རིམ་༡༠པའི་ཤེས་ཡོན་ཡིག་ཆ།
· ངོ་སྤྲོད་ལག་འགེར་འདྲ་བཤུས།
· ཉེན་སྲུང་དཔྱ་ཁྲལ་འདྲ་བཤུས།
· རྩིས་ཞིབ་ཉོག་མེད་ཡིག་ཆ།
· སྨན་བཅོས་ལག་ཁྱེར།
· ད་ལྟའི་ལས་ཁུངས་ལས་དགག་བྱ་མེད་པའི་ཡིག་ཆ།
· ཤེས་ཡོན་དང་ཉམས་མྱོང་གི་ཐོ།
བཙག་འཐུ་གྲུབ་མི་མི་ངོམ་ཚུ་གི་མིང་ རྒྱལ་ཁམས་ས་གཏེར་ལས་འཛིན་དྲྭ་ཚིག་ནང་འཐོང་ཚུགས།
བཙག་འཐུ་གྲུབ་མི་ངོམ་ཚུ་ སྤྱི་ཟླ་༥ པའི་ཚེས་༣༠ ལུ་ རྒྱལ་ཁམས་ས་གཏེར་ལས་འཛིན་ གི་ཡིག་ཚང་ལྟེ་བ་ལུ་ དྲི་དཔྱད་འབད་བར་འོང་དགོ།
བཙག་འཐུ་གྲུབ་མི་འདི་ EX2 སྦེ་དབྱེ་ཞིབ་འབད་ནི་ཨིན།
ག་དེམ་ཅིག་སྦེ་ དོགས་པ་ཡོད་པ་ཅིན་ ཁྱོད་ཀྱིས་ མི་སྟོབས་འགོ་དཔོན་དང་ འབྲེལ་བ་འཐབ་གནང།
ཁ་བྱང་ཨང་ ༡༧༣༥༦༧༢༡