Events‎ > ‎

Tibet Our Country - Sunday, October 13, 3-5pm

posted Oct 6, 2019, 9:11 PM by NWTCA ORWA   [ updated Oct 7, 2019, 2:49 PM by Pema Choephel ]


TIBET OUR COUNTRY 
Sunday, October 13, 2019 
Bodkang from 3-5 pm 

TOPIC:

  • Benefits, Origin and Significance of Sand Mandala by Geshe Lobsang Dhargye la from Sera Mey Monastic University.

  • Presentation on the construction of Sand Mandala by Gen Jammy Tashi la.

As decided at the Parents-Teachers meeting, Tibet-Our-Country will be held bi-monthly at Bodkhang.


ཐེངས་སྔོན་མའི་དགེ་རྒན་དང་ཕ་མའི་ཚོགས་འདུའི་སྐབས་གཏན་འཁེལ་བྱུང་བ་བཞིན། བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་ལས་འཆར་དེ་བཞིན་ཟླ་གཉིས་རེའི་མཚམས་སུ་ཐེངས་རེར་གོ་སྒྲིག་ཞུ་འཆར་ཡོད་པ་དང་། ད་རེས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་དགེ་འདུན་པ་རྣམ་པ་འདི་ག་ས་གནས་སུ་ཆེད་ཕེབས་ཀྱིས་སྨན་བླའི་དཀྱིལ་འཁོར་བཞེང་འཆར་ཡོད་པ་དང་སྟབས་བསྟུན། བོད་ལྗོངས་ང་ཚོའི་ཕ་ཡུལ་ཞེས་པའི་ལས་འཆར་ཟླ་ ༡༠ ཚེས་ ༡༣ རེས་གཟའ་ཉི་མའི་ཕྱི་དྲོའི་ཆུ་ཚོད ༣:༠༠ ནས་པའི ༥:༠༠ བར་གོ་སྒྲིག་ཞུ་རྒྱུ་ཡིན།

དཀྱིལ་འཁོར་ཐེངས་འདིའི་ལས་འཆར་གྱི་བརྗོད་གཞི་བྱས་ཏེ། དགེ་བཤེས་བློ་བཟང་དར་རྒྱས་ལགས་ཀྱིས་གཟའ་ཉི་མའི་སློབ་ཕྲུག་ཚོ་དང་ཕ་མ་ཚོ་གཙོས་པའི་མི་མང་ལ་དཀྱིལ་འཁོར་གྱི་ཕན་ཡོན་དང་། བྱུང་རིམ། མཚོན་དོན་སོགས་ཀྱི་སྐོར་འགྲེལ་བཤད་གནང་རྒྱུ།

དེ་མཚུངས་སུ་གཟའ་མཇུག་སློབ་གྲའི་རྒན་འཇམ་མི་བཀྲ་ཤིས་ལགས་ནས་ཇི་ལྟར་རྡུལ་ཚོན་དཀྱིལ་འཁོར་བཞེངས་ཚུལ་གྱི་སྐོར་གསུང་རྒྱུ། སློབ་ཕྲུག་ཚོ་དང་ཕ་མ་ཚོ་གཙོས་པའི་མི་མང་ཚོས་གོ་སྐབས་དམ་འཛིན་གྱིས་གང་མང་མང་ཕེབས་ཐུབ་པའི་རེ་བ་བཅས།
Comments