Events‎ > ‎

Tselha Namsum Tsedup by Gaden Shartse Monks - Monday, March 18, 10am - 3:30pm

posted Mar 11, 2019, 8:32 PM by Pema Choephel   [ updated Mar 12, 2019, 11:46 AM by NWTCA ORWA ]
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༥ ལ་ཕེབས་པའི་དགུང་ཀེག་ལ་ཁེལ་ཡོད་སྟབས་སྐུ་ཡི་གསང་གསུམ་གྱི་བར་ཆད་རྣམས་ཟློག་པའི་ཆེད་དུ་ཕྱི་ཟླ་ ༣ པའི་ཚེས་ ༡༨ རེས་གཟའ་ཟླ་བའི་ཉིན་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་དྲུག་གདན་ཞུས་ཀྱིས་བོད་ཁང་དུ་ཞོགས་པ་ཆུ་ཚོད་ ༡༠ ནས་ཉིན་རྒྱབ་ ༣:༣༠ བར་ཚེ་ལྷ་རྣམ་གསུམ་གྱི་སྒོ་ནས་ཚེ་སྒྲུབ་ཀྱི་ཞབས་བརྟན་ཡོད་པས་མི་མང་གང་མང་ཕེབས་པའི་རེ་བ་ཡོད། སྐབས་དེར་ཉིན་དགུང་གསོལ་ཚིག་སྟབས་བདེ་ཞིག་སྦྱིན་བདག་གམ་ཐབ་ཚང་ནང་དང་བླངས་གནང་འདོད་ཡོད་ཚེ་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་དང་། ཆོས་ཕྱོགས་འགན་འཛིན་དགེ་ལེགས་རྒྱ་མཚོ་ལགས་གཉིས་ལ་འབྲེལ་བ་གནང་རོགས། ཐུགས་རྗེ་ཆེ།


Six monks from Gaden Shartse monastery will be at Bodkhang to offer the Trinity of Long Life Practice of Buddha Amitayus, White Tara and Ushnisha-Vijaya to ward off any negativity surrounding His Holiness the Dalai Lama's obstacle year. 

If you wish to sponsor lunch, make donations or volunteer in the kitchen, please contact President Tsering Choephel la [360-798-5739] or Spiritual Director Gelek Gyatso la [360-513-9857].

Date: Monday, March 18, 2019

Time: 10:00 am - 3:30 pm 




Comments