Announcements‎ > ‎

Lhakar at Bodkhang every other Wednesday from 5:30pm to 7:30pm

posted Sep 30, 2019, 8:51 PM by Pema Choephel   [ updated Oct 21, 2019, 11:36 AM by NWTCA ORWA ]
Please join us to observe Lhakar at Bodkhang every other Wednesday from 5:30 - 7:30 pm.  Please check the calendar below. 

 OCTOBER  2  16  30
 NOVEMBER     13  27  
 DECEMBER  11  25  
 JANUARY  8  22  
 FEBRUARY  5  19  
 MARCH  4  18  

ལྷ་དཀར་སྲུང་བརྩིའི་གསལ་བསྒྲགས།

༄། །མཛའ་བརྩེ་ལྡན་པའི་ས་གནས་བོད་རིགས་སྤུན་ཟླ་ཡོངས་དང་ལྷག་པར་དུ་རེ་གཟའ་ཉིན་མའི་སློབ་གྲྭའི་ཕ་མ་རྣམས་ལ་ཆེད་དུ་ཞུ་རྒྱུར། ། འདི་ག་སྤྱི་ཟླ་ ༩ ཚེས་ཤར་ནང་ཤེས་ཡོན་སྡེ་ཚན་དང་ཕ་མའི་ཚོགས་ཆུང་གཉིསལྷན་འཛོམས་ཚོགས་འདུའི་ཐོག་སྤྱི་མོས་གྲོས་བསྡུར་ཐག་གཅོད་བྱུང་བ་བཞིན་རེ་གཟའ་ལྷག་པ་གནངས་འཆར་ལ་ ༧གོང་ས་མཆོག་གི་སྐུའི་ལྷ་དཀར་ལ་སྲུང་རྩི་ཞུ་གཏན་འཁེལ་ཞིང་། དེ་ཡང་གོང་གིས་བཀའ་འཕྲོལ་བཞིན་རང་རེའི་སྤྱི་ཁང་དུ་རེ་གཟའ་ལྷག་པ་ ༡༠/༢/༢༠༡༩ ལ་རྒན་རབས་ཕ་མ་བུ་ཕྲུག་རྣམས་ཇི་མང་མཉམ་འཛོམས་ཐོག་བྱིས་པར་དགའ་བའི་བོད་སྐད་གློག་བརྙན་ནམ་འགུལ་སྐྱོད་པར་རིས་ (cartoon) སྟོན་རྒྱུ་དང་། གཞན་ཡང་ཕ་མ་དང་བུ་ཕྲུག་མཉམ་འཛོམས་ཀྱིས་བོད་ཆོལ་གསུམ་གྱི་གྲགས་ཆེ་བའི་སྒོར་གཞས་དང་ནང་མ་དང་སྟོད་གཞས་ལ་སོགས་པ་ཅི་རིགས་ལ་བགྱེས་སྦྱོང་ཞུ་རྒྱུ་ཡིན་ན་དེ་ལུགས་གྲ་སྒྲིག་ཨང་གསར་གྱིས་ངེས་ཕེབས་ཡོང་བ་ཞུ། འདུ་འཛོམས་འདིའི་དགོས་དམིགས་གཙོ་བོ་ནི་སྤྱིར་ཕྱི་རྒྱལ་ཡུལ་གྲུ་མང་དག་ཅིག་ནང་ལྷ་དཀར་སྲུང་བརྩི་ཞུས་དང་ཞུ་མུས་ལ་སོང། འོན་ཀྱང་རང་ཅག་ས་གནས་ལ་དེ་ལྟར་མེད་སྟབས་འགོ་འཛུགས་ཤིག་ངེས་པར་དགོས་ངེས་དང། ལྷག་པར་དུ་ཆེད་བྲེལ་ཆེ་བའི་ཨ་རིའི་སྤྱི་ཚོགས་ནང་མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་གཙོ་བོ་དང་། ཞར་བྱུང་དུ་ཕ་མ་དང་བུ་ཕྲུག་དབར་མཛའ་བརྩེའི་དུས་ཚོད་ཅིག་བསྐྲུན་ཐབས་ཀྱི་དམིགས་ཡུལ་བཟང་པོ་ཞིག་བཅངས་ཡོད་ན། དུས་ཚོས་འཁོམ་པའི་ཁྱིམ་བདག་ཚོ་ངེས་བཅར་ཡོང་བའི་རེ་སྨོན་ལན་བརྒྱ་ཞུ། འདུ་འཛོམས་སྐབས་ཚང་མས་ལྷ་རབ་བྱུང་ན་ཕ་ཡུལ་གྱི་བོད་ཆས་གཙང་སྤྲས་ཡོང་བ་ཞུ་རྒྱུ་དང། དེ་ལྟར་མ་ཐུབ་ཚེ་ངེས་པར་དུ་བོད་བཟོ་སྟོད་གོས་གྱོན་དགོས་པ་དགོངས་འཇག་འཚལ།། །། ས་གནས། ནུབ་བྱང་བོད་རིགས་སྤྱི་མཐུན་ཚོགསཔའི་སྤྱི་ཁང་། ཟླ་ཚེས། ༡༠/༢/༢༠༡༩ རེ་གཟའ་ལྷག་པ། དུས་ཚོད། ཕྱོ་དྲོ་ཆུ་ཚོད་ ༥:༣༠ ནས ༧ :༣༠ བར། འབྲེལ་གཏུག། རྒན་རྡོ་རྗེ་ལགས་དང་། གུས་པ་འཇམ་དཔལ། ཚང་མས་བརྒྱུད་བསྐུར་མང་ཙམ་གནང་རོགས། 


Lha Kar Commemoration Announcement

This is a reminder to everyone in general but particularly parents of Sunday School students that has made the decision during the Education and Parents committee meeting to do Lha- Khar celebration every other Wednesday and this coming Wednesday 10/2/2019 from 5:30 to 7 : 30pm @ Bhodkhang, we are going do the 2nd Lhakhar celebration. We hope this time many parents will participate if time permits. Kids can watch movies or cartoons in Tibetan language or both kids and parents can practice Ghorshay of all kind. Some of the parents has requested me to teach Nangma Toeshay and I am happy to volunteer to do so. Details of the Lha khar events I have explained in Tibetan Announcement above.

Comments