གྲོ་སོ་ཕྱེ་མར་ངོ་སྤྲོད་མདོར་བསྡུས།

གྲོ་སོ་ཕྱེ་མར་འདི་ནི་བོད་རྒྱལ་ཐོག་མ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་སྤྱོད་

སྲོལ་ཡོད་པས་འདིར་ལོ་ངོ་སྟོང་འཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་བོད་རིགས་ཀྱི་ཡུལ་སྲོལ་

གོམས་གཤིས་ཞིག་ཏུ་བྱུང་ཡོད་ལ་དུས་ད་ལྟ་ཡང་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་

སྤྱོད་མཁོ་ཤིན་ཏུ་ཆེ།གྲོ་སོ་ཕྱེ་མར་ནི་བོད་རོགས་ཀྱི་ལོ་གསར་སོགས་བཀྲ་ཤིས་རྟེན་འབྲེལ་

གྱི་བྱ་བའི་རིགས་ལ་སྤྱོད་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན།དཔེར་ན་ཁྲི་དོན་དང་

ཁང་སྲོལ་གཉིན་སྒྲིག་དང་བང་སྟོན་སྐྱེས་སྐར་སོགས་རྟེན་འབྲེལ་གྱི་བྱེད་སྒོ་གང་སར་གྲོ་སོ་

ཕྱི་མར་བེད་སྤྱོད་བྱེད་ཅིང་དེ་ཡང་གནའ་སྔ་མོ་མི་ཚོས་ལོ་གསར་སོགས་རྟེན་འབྲེལ་དགའ་

སྟོན་ཁག་ལ་གྲོ་ནས་ཀྱི་སྙེ་མའི་ཆུན་པོ་འབུལ་སྲོལ་ཡོད་པ་དེ་ཕྱིས་སུ་རིམ་གྱི་འཕེལ་རྒྱས་

བྱུང་སྟེ་བསྟེན་འཛིན་ཁལ་རུ་ཞེས་པའི་འབོ་ཁག་གཉིས་དབྱེ་སྟེ་ཡ་གཅིག་གྲོ་དང་ཡ་གཅིག་

རྩམ་པས་བཀང་་སྟེ་གྲོའི་སྟེང་ཚ་རྡོག་དང་རྩམ་པའི་ཐོག་མར་ལེབ་ལྔའམ་གསུམ་འཇོག་

ཅིང་མི་རེ་རེས་བཏེགས་ནས་རྟེན་འབྲེལ་ཞུ་བའི་སྲོལ་ནས་རིམ་བཞིན་འབོ་གཉིས་འབྲེལ་

བཟོས་པམ་ཚོན་རིག་བཀྲ་ཤིས་རྟགས་བརྒྱད་དམ་བཀྲ་ཤིས་རྫས་བརྒྱད་ནོར་བུ་ཆ་བདུན་

སོགས་རྟེན་འབྲེལ་གྱི་མཚོན་རིག་རྣམ་པར་མཛེས་པར་བྱས་ཤིང་འབོའི་ནང་གཡས་ངོས་གྲོ་

ཡིས་བྱུར་བུར་ཁེངས་པ་དང་གཡོན་ངོས་ཕྱེ་མ་བྱུར་ཁེངས་སུ་བླུགས་པའི་སྟེང་ཤིང་གི་བྱ་

བུར་མར་ཚོན་གྱི་མཐུན་པ་སྤུན་བཞི་འམ་མི་མཐུན་གཡུག་རྒྱལ་སོགས་ཀྱི་བརྒྱན་པ་དབུས་

སུ་གཙུག་པའི་མཐས་སྐོར་གྲོ་ཡོས་དང་ཕྱེ་མར་ཐོག་གཙུག་པའི་གྲོ་སྙེ་ཚོན་སྣ་དང་ལོ་གསར་

མེ་ཏོག་གི་མཛེས་པར་བརྒྱན་པ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་གྲོ་སོ་ཕྱེ་མར་འདི་ལོ་གསར་

ལ་མཚོན་གསར་དུ་བཞད་པའི་ལོ་འདིའིནང་བགེགས་མེད་བདེ་སྐྱིད་ལྡན་ཞིང་རང་འཕྲལ་

ཡུལ་བདེ་བའི་སྨོན་ལམ་བཟང་པོ་བྱ་ཞེས་ལོ་གསར་གྱི་གཏམ་དཔྱིད་ཀྱི་ཕོ་ཉའི་དབྱངས་

ཞེས་པ་ལྟར་བཀྲིས་བདེ་ལེགས་མཚོན་པའི་རྟགས་ཟིག་ཀྱང་ཡིན་།།།